རྒྱ་ནག་གིས་རྒྱལ་ཚོགས་ཀྱི་ལས་དོན་ལ་འགོག་རྐྱེན་བཟོས་འདུག

2016-08-24
གློག་འཕྲིན།
མཆན།
Share
པར་བཀོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྐོ་བཞག་གནང་བའི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་Philip Alstonམཆོག་པེ་ཅིན་དུ ༢༠༡༦།༨།༢༣
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྐོ་བཞག་གནང་བའི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་Philip Alstonམཆོག་པེ་ཅིན་དུ ༢༠༡༦།༨།༢༣
VOA

མཉམ་འབྲེལ་རྒྱལ་ཚོཊ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་ལ་རྒྱ་ནག་ནས་ཐེ་ཇུས་དང་ལས་དོན་ཐད་འགོག་རྐྱེན་བཟོས་འདུག
དེ་ཡང་འདི་ཚེས་༢༣་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྐོ་བཞག་གནང་བའི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་Philip Alston་ཡིས། ཁོང་ལས་དོན་ཆེད་རྒྱ་ནག་ལ་ཕེབས་སྐབས་ཁོང་གིས་ཐུག་འཕྲད་ཡོང་བའི་རེ་བ་གནང་སའི་མི་དེ་ཚོ་ཐུག་མ་བཅུག་པའི་འགོག་རྐྱེན་བཟོས་ཏེ་རྒྱ་ནག་གཞུང་གིས་ཁོང་གི་ལས་དོན་ཐད་ཐེ་ཇུས་བྱས་ཡོད་སྐོར་གསུངས་འདུག
རྒྱ་ནག་ནང་ཉིན་གྲངས་དགུའི་རིང་ཕྱོགས་བསྐྱོད་གནང་བར་ཕེབས་པའི་དབུལ་ཕོངས་དང་འགྲོ་བ་མིའི་ཐོབ་ཐང་ཐོག་གཟིགས་ཞིབ་གནང་མཁན། མཉམའབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་Philip Alston་ཡིས། གསར་འགོད་པ་ཚོར། ཁོང་རྒྱ་ནག་ལ་མ་ཕེབས་གོང་ནས་རྒྱ་ནག་གཞུང་ལ་ཁོང་གིས་འབྲེལ་བ་གནང་དགོས་སའི་རྒྱ་ནག་གི་ཤེས་ལྡན་མི་སྣའི་མིང་གནང་ཡོད་པའི་སྐོར་གསུངས་འདུག།
འོན་ཀྱང་རྒྱ་གཞུང་གིས་ཁོང་གིས་མིང་འདོན་གནང་བའི་རྒྱ་ནག་ནང་གི་མི་སྣ་དེ་ཚོ་དང་ཐུག་འཕྲད་གོ་སྒྲིག་བྱས་མེད་པ་མ་ཟད། མི་སྣ་དེ་ཚོར་ཁོང་གིས་ཟུར་དུ་འབྲེལ་བ་གནང་སྐབས་རྒྱ་གཞུང་གིས་ཁོང་ཚོ་དུས་ཚོད་ད་གའི་སྐབས་ལས་ཀ་ནས་དགུང་སེང་ཞུ་དགོས་པའི་སློབ་སྟོན་བྱས་འདུག
ཨོསི་ཀྲེ་རི་ལི་ཡའི་མི་རིགས་ཡིན་པ་སྐུ་ཞབས་Philip Alston་ནི་ཨ་རིའི་ནིའུ་ཡོག་གི་ཁྲིམས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཁྲིམས་ལུགས་རིག་པའི་སློབ་དཔོན་ཡིན་པ་རེད།
རྒྱ་ནག་ཕྱི་འབྲེལ་ལྷན་ཁང་ལ་རུཡེ་ཊར་གསར་ལས་ཁང་གིས་གནད་དོན་དེའི་སྐོར་དྲི་རྩད་བྱས་པར་ལན་འདེབས་གང་ཡང་བྱས་མི་འདུག།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་Philip Alston་ཡིས། རྒྱལ་ཚོགས་ཀྱིས་དེ་སྔོན་ནས་འཛིན་བཞིན་པའི་ལངས་ཕྱོགས་དང་། རྒྱལ་ཁབ་གཞན་ག་བར་ཕྱིན་པ་ཡིན་ནའི་རྒྱལ་ཁབ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་དྲི་རྩད་བྱ་རྒྱུར་འབྲེལ་ཡོད་མི་སྣ་ཐུག་འཕྲད་བྱ་རྒྱུ་ཐོབ་ཐང་ཆ་ཚང་ཁོང་ལ་ཡོད་པ་མ་ཚད། ཁོང་གི་འདོད་པ་ཡོད་སའི་ས་གནས་ག་བར་ཡིན་ནའི་ཕེབས་ཆོག་པའི་ཆོག་མཆན་ཡོད་སྐོར་གསུངས་འདུག འོན་ཀྱང་རྒྱ་ནག་གཞུང་གིས་ཁོང་གི་ལས་དོན་ཐད་འགོག་རྐྱེན་དང་ཐེ་ཇུས་བྱས་ཡོད་པ་རེད།

གསར་འགོད་པ་རིག་ལྡན་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།