རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོང་ཐང་ཡར་རྒྱས་གཏོང་དགོས་འདུག་ཟེར།

2018-03-09
གློག་འཕྲིན།
མཆན།
Share
པར་བཀོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ཛ་ཨྡི་རཨརྡ་ཨལ་ ཧུ་སེན་(Zeid Ra’ad al Hussein)མཆོག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ཛ་ཨྡི་རཨརྡ་ཨལ་ ཧུ་སེན་(Zeid Ra’ad al Hussein)མཆོག
དྲ་བཤུས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ཛ་ཨྡི་རཨརྡ་ཨལ་ ཧུ་སེན་(Zeid Ra’ad al Hussein)མཆོག་གིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པའི་འབོད་སྐུལ་གནང་འདུག
དེ་ཡང་ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་༣༧འི་ཐོག་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་སྙན་ཐོ་སྒྲོག་སྦྱང་སྐབས། ཁོང་གི་ལས་ཁུངས་སུ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གནས་བབས་སྐོར་ཛ་དྲག་གི་ཞུ་གཏུག་མུ་མཐུད་ནས་འབྱོར་བཞིན་པའི་ནང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་། ཁྲིམས་རྩོད་པ། ཁྲིམས་བཟོ་བ། དེབ་ཚོང་བ་དང་། བོད་མི། ཡུ་གུར་བ་སོགས་འཛིན་བཟུང་བཀག་ཉར་དང་། གར་སོང་ཆེད་དུ་གྱུར་པ། སྡུག་སྦྱོང་མནར་གཅོད་དང་མི་རིགས་དབྱེ་འབྱེད་སོགས་ཀྱི་བྱ་སྤྱོད་སྤེལ་གྱི་ཡོད་པར་བརྟེན་ནས་མི་མང་ཚོར་འཚོ་བའི་དཀའ་ངལ་དང་ དྲང་བདེན་མེད་པ། ལྐོག་ཟ་རུལ་སུངས། ས་ཞིང་གཞུང་བཞེས་བཏང་བ། རིག་གཞུང་དང་ཆོས་ལུགས་སྐད་ཡིག་བཅས་དམ་བསྒྲགས་ཆེན་པོ་ཡོད་པའི་གནད་དོན་གསལ་གྱི་ཡོད་པ་གསུངས་འདུག
དེ་བཞིན་ཁོང་གིས་སྲིད་འཛིན་ཞི་ཇིན་པིང་གྱིས་རྒྱ་ནག་མི་མང་གི་བདེ་སྡུག་གཞི་བཅོལ་གྱིས་ཡར་རྒྱས་གཏོང་རྒྱུའི་དམ་བཅའ་བཞག་པ་དེ་ལག་ལེན་འཁེལ་གྱི་མེད་པར་བློ་འཚབ་བཏོན་པ་དང་སྦྲགས་འདི་ལོ་ཕྱི་ཟླ་བཅུ་གཅིག་ནང་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་དུས་བཀག་ཞིབ་འཇུག་གསུམ་པའི་སྐབས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་སྐོར་གླེང་སློང་ཡོང་གི་རེད་ཅེས་གསུངས་གནང་འདུག
འདི་ལོ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དབུ་བརྙེས་ལ་ལོ་༧༠ཐམ་པ་འཁོར་གྱི་ཡོད་སྟབས་ཁོང་གིས་མུ་མཐུད་ཚོགས་བཅར་བ་ཡོངས་ལ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་བྱ་བ་ལྷུར་ལེན་གནང་དགོས་པའི་འབོད་སྐུལ་ནན་མོ་གནང་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།