ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་འདེམ་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་འཚམས་འདྲི་གནང་འདུག

2021-05-15
Share
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་འདེམ་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་འཚམས་འདྲི་གནང་འདུག
Photo: RFA

ཕྱི་ཟླ་ ༥ ཚེས་ ༡༤ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ ནེཌ་པརཡེསི་ (Ned Price) ལགས་ཀྱི་མཚན་ཐོག་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འདེམ་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་གཞུང་འབྲེལ་གྱི་ཐོག་ནས་འཚམས་འདྲི་ཞུས་འདུག  འདི་ནི་ད་བར་ཨ་རིའི་གཞུང་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཞིག་ལ་ཡོངས་གྲགས་ཀྱི་ཐོག་ནས་འཚམས་འདྲི་ཞུས་པ་ལོ་རྒྱུས་ནང་ཆེས་ཐོག་མ་དེ་ཡིན་པ་རེད།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ ནེཌ་པརཡེསི་ (Ned Price) གྱི་གཞུང་འབྲེལ་ཊུ་ཊར་དྲ་ལམ་ཐོག་གི་འཚམས་འདྲིའི་ནང་། ཨ་རིའི་གཞུང་གིས་སྤེན་པ་ཚེ་རིང་ལགས་སུ་འོས་བསྡུའི་ལམ་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཐེངས་རྗེས་མའི་སྲིད་སྐྱོང་དུ་འདེམ་ཐོན་བྱུང་བར་འཚམས་འདྲི་ཞུ་རྒྱུ་ཡིན། ང་ཚོས་སོ་སོའི་ལུང་པ་ནས་ཁ་བྲལ་བའི་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་ཚོར་རྒྱབ་སྐྱོར་བྱེད་ཆེད་ཁོང་དང་དབུས་བོད་མིའི་སྒྲིག་འཛུགས་དང་མཉམ་དུ་ལས་དོན་སྤེལ་རྒྱུར་འདུན་པ་ཆེན་པོ་ཡོད་ཅེས་གསུངས་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གཞུང་འབྲེལ་མགྲིན་ཚབ་པས་ཨ་རིའི་གཞུང་གི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འདེམས་ཐོན་སྲིད་སྐྱོང་ཞིག་ལ་ཡོངས་གྲགས་ཀྱིས་འཚམས་འདྲི་ཞུས་པ་ད་རེས་ཐོག་མ་དེ་ཡིན་པ་རེད།

 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།