རྒྱ་ནག་གིས་མུ་མཐུད་བོད་མི་ཚོ་གྲོང་གསེབ་གྲོང་ཁྱེར་ཅན་དུ་བསྒྱུར་བཞིན་འདུག

2019-01-16
གློག་འཕྲིན།
མཆན།
Share
པར་བཀོད།
ཆབ་མདོ་ཕྱོགས་ཀྱི་ས་ཁྲ།
ཆབ་མདོ་ཕྱོགས་ཀྱི་ས་ཁྲ།
RFA

རྒྱ་ནག་གཞུང་གིས་གྲོང་གསེབ་གྲོང་ཁྱེར་ཅན་དུ་བསྒྱུར་བའི་སྲིད་བྱུས་ནི་བོད་མི་ཚོར་དོ་དམ་བྱ་རྒྱུ་ལས་སླ་རུ་ཡོང་རྒྱུའི་ཆེད་དུ་ཡིན་པ་ཉམས་ཞིབ་པས་གསུངས་འདུག
རྒྱ་ནག་གཞུང་གིས་བོད་ཆབ་མདོ་ཁུལ་གྱི་རི་བོ་ཆེ་དང་བྲག་གཡབ། གོ་འཇོ། འཇོ་མདའ་སོགས་ཀྱི་་གྲོང་གསེབ་ཁག་གྲོང་ཁྱེར་དུ་བསྒྱུར་བའི་སྲིད་བྱུས་དེ་ལག་བསྟར་བྱེད་བཞིན་པ་དང་། རྒྱ་ནག་གཞུང་གིས་བོད་མི་ཚོ་གནས་སྤོའི་ཆེད་གྲོང་ཁྱེར་ནང་ཁང་པ་གསར་རྒྱག་བྱེད་ཀྱི་ཡོད་འདུག་ཅིང་། ཁང་པ་གསར་པ་རེར་རྒྱ་སྒོར་སྟོང་ཕྲག་༧་ནས༨ཙམ་སྤྲོད་དགོས་ཀྱི་ཡོད་པ་བོད་ནས་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གསུངས་ཡོད་པ་རེད། འོན་ཀྱང་ཁོང་གིས་དེའི་རྒྱབ་ལྗོངས་དང་དམིགས་ཡུལ་ངོ་མ་གང་ཡིན་ཤེས་་རྟོགས་མེད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
བཞུགས་སྒར་རྡ་རམ་ས་ལར་གཏན་གཞི་བྱེད་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་ནང་རྒྱ་ནག་གཞུང་གི་འཛུགས་སྐྲུན་ལས་གཞིའི་ཐོག་ཉམས་ཞིབ་གནང་མཁན་འབུམ་རམས་པ་རིག་འཛིན་རྡོ་རྗེ་ལགས་ཀྱིས་སྤྱིར་བཏང་བོད་ཀྱི་ཞིང་འབྲོག་གྲོང་ཁྱེར་དུ་གནས་སྤོ་བྱེད་བཞིན་ཡོད་པ་དེ། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གཅིག་པུ་མ་ཡིན་པར། མཚོ་སྔོན་ཞིང་ཆེན་གཙོས་ཞིང་ཆེན་གཞན་ཁག་ནང་ལ་ཡང་སྤྱི་ལོ་༢༠༠༣ནས་དེ་ལྟར་གནས་སྤོ་བྱས་ཡོད་པ་དང་། ཡང་སྲིད་བྱུས་འདི་ནི་དབུལ་སྐྱོབ་ཕྱུག་བསྒྱུར་ཟེར་བའི་ལས་གཞི་དང་། ཞིང་འབྲོག་ས་ཁུལ་ཚོས་ཁོར་ཡུག་ཉམས་ཆག་གཏོང་བ་འགོག་ཐབས་ཅེས་པའི་སྲིད་བྱུས་ཀྱི་མིང་ཐོག་ནས་ལག་བསྟར་བྱས་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།
ལྷག་པར་དུ་འབུམ་རམ་པ་རིག་འཛིན་རྡོ་རྗེ་ལགས་ཀྱིས་རྒྱ་ནག་གཞུང་གི་སྲིད་བྱུས་འདི་དག་གི་དམིགས་ཡུལ་གཙོ་བོ་ནི་བོད་མི་ཚོའི་ཐོག་དམ་དྲག་བྱེད་བདེ་བའི་སླད་ཡིན་པ་གསུངས་ཤིང་། ཁོང་གིས་གལ་ཏེ་བོད་མི་ཚོ་འབྲོག་པ་དང་གྲོང་གསེབ་ས་ཁུལ་ཁག་ཏུ་ཁ་ཐོར་གྱི་རྣམ་པའི་ཐོག་གནས་ཚེ་དོ་དམ་བྱ་རྒྱུ་སྟབས་བདེ་མེད་པ་དང་། གལ་ཏེ་གྲོང་ཁྱེར་ནང་མཉམ་དུ་ཡོད་ཚེ་ལས་སླ་པོའི་ཐོག་ནས་དམ་དྲག་བྱེད་ཐུབ་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

གསར་འགོད་པ་བློ་བཟང་དགེ་ལེགས།

མཆན། (0)
Share
དྲ་གནས་ཆ་ཚང༌།