ཨ་རིས་རྒྱ་ནག་དང་གདོང་ཐུག་གིས་ར་ཤེ་ཡར་རོགས་རམ་བྱེད་སྟངས་ཐད་འདྲི་རྩད་བྱས་ཡོད་འདུག

2023.01.24
Share on WhatsApp
Share on WhatsApp
ཨ་རིས་རྒྱ་ནག་དང་གདོང་ཐུག་གིས་ར་ཤེ་ཡར་རོགས་རམ་བྱེད་སྟངས་ཐད་འདྲི་རྩད་བྱས་ཡོད་འདུག རྒྱ་ནག་དང་ཨ་རི་ར་ཤེ་ཡ་བཅས་ཀྱི་དབུ་ཁྲིད།
སྒྲིག་བཟོ།

དེ་ཡང་ཨ་རིའི་(Bloomberg)་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མིང་འདོན་བྱེད་འདོད་མེད་པའི་གནས་ཚུལ་ལ་རྒྱུས་མངའ་ཡོད་མཁན་མི་སྣ་ཁག་གིས། ཨ་རི་དང་མཐུན་ཕྱོགས་ཡུལ་གྲུ་ཁག་གིས་ར་ཤེ་ཡར་དཔལ་འབྱོར་གྱི་ཉེས་ཆད་འགེལ་བཞིན་ཡོད་མིན་ལ་མ་བལྟོས་པར། རྒྱ་ནག་གི་གཞུང་གཉེར་ཁེ་གཉེར་ལས་ཁང་ཁག་ཅིག་གིས་ར་ཤེ་ཡར་གོ་མཚོན་དང་། དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ་མཁོ་སྤྲོད་བྱེད་བཞིན་ཡོད་པ་གསལ་འདོན་གནང་ཐོག རྒྱ་ནག་གིས་ཨ་རི་གཞུང་གིས་ར་ཤེ་ཡར་བཀལ་བའི་དཔལ་འབྱོར་དང་གོ་མཚོན་ཚོང་འགྲེམས་བཀག་སྡོམ་གྱི་ཉེས་ཆད་ལས་གཡོལ་ཐབས་ཀྱི་རོགས་འདེགས་བྱེད་པའི་གནས་ཚུལ་འདི་བློ་ཚབས་ཀྱི་གནས་ཚུལ་ཞིག་ལ་ངོས་འཛིན་གྱིས་འབྲེལ་ཡོད་རྒྱ་ནག་གི་ལས་སྣེ་རྣམས་ལ་གླེང་སློང་བྱས་ནས། གལ་སྲིད་རྒྱ་ནག་གི་ཕྱོགས་ནས་ར་ཤེ་ཡར་མཐུན་འགྱུར་མཁོ་སྤྲོད་བྱས་ཚེ། གནད་དོན་དེ་བཞིན་ར་ཤེ་ཡའི་བཙན་འཛུལ་དང་དམག་འཁྲུག་ལ་རྒྱབ་སྐྱོར་བྱས་པ་མཚོན་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག འོན་ཀྱང་ཨ་རྒྱ་གཉིས་ཀྱི་དཔོན་རིགས་བར་སྐབས་དེར་ཞིབ་ཕྲའི་གྲོས་བསྡུར་བགྲོ་གླེང་ཇི་བྱུང་གསལ་ཁ་མེད་པ་རེད།
གནས་ཚུལ་ནང་གསལ་བར། ཡུཀ་རེན་ནང་བཙན་འཛུལ་ཐད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྔ་རྗེས་སུ། ར་ཤེ་ཡའི་སྲིད་འཛིན་(Putin)་ལ་མངོན་གསལ་དོད་པོས་སྐྱོན་བརྗོད་བྱ་རྒྱུར་འཛེམས་ཟོན་བྱེད་ཀྱི་ཡོད་པ་དང་ཆབས་ཅིག ཡུཀ་རེན་གྱི་དམག་འཁྲུག་དེ་བཞིན་ཞི་འགྲིག་གི་ཐོག་ནས་སེལ་ཐབས་སླད་བར་འདུམ་གྱི་འགན་འཁྲི་ལེན་འདོད་པའི་སྐོར་དང་། དམག་འཁྲུག་སྐབས་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱས་ན་དགག་པ་ཡོད་པ་བརྗོད་ཡོད་པ་རེད།
ཨ་རིའི་རྒྱལ་སྲུང་ལྷན་ཁང་དང་། དེ་བཞིན་དབུས་གསང་པའི་ལས་ཁུངས་གཉིས་ཀྱིས། རྒྱ་ནག་གི་གཞུང་གཉེར་ལས་ཁང་ཁག་ཅིག་གིས་ར་ཤེ་ཡར་རོགས་འདེགས་བྱེད་ཀྱི་ཡོད་པའི་གནས་ཚུལ་འདིའི་ཐད་ལན་འདེབས་གསལ་བཤད་སོགས་གང་ཡང་བྱས་མིན་འདུག་ལ། རྒྱལ་ས་ཝ་ཤིང་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁང་ནས་ཀྱང་ལན་འདེབས་བྱུང་མེད་པ་(Bloomberg)་གསར་ཁང་གིས་བརྗོད་འདུག འོན་ཀྱང་། གནས་ཚུལ་ལ་རྒྱུས་མངའ་ཡོད་མཁན་གྱིས། ཨ་རིའི་འཛིན་སྐྱོང་གི་ངོས་ནས་རྒྱ་ནག་གི་གཞུང་གཉེར་ཁེ་ལས་ཁང་དེ་ཚོས་ར་ཤེ་ཡར་གོ་མཚོན་དང་དཔལ་འབྱོར་གྱི་མཐུན་འགྱུར་ཇི་ལྟར་བྱེད་བཞིན་པ་དང་། བྱེད་སྟངས་བྱེད་ལུགས་ཀྱི་དཔང་རྟགས་རྣམས་ལ་བསྐྱར་ཞིབ་བྱེད་བཞིན་ཡོད་པ་བཀོད་འདུག།


གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱི་མངའ་སྡེའི་དཔོན་རིགས་ཚོར་བོད་མིའི་དཀའ་ངལ་སྐོར་སྙན་སེང་ཞུས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་གྱི་(Oxford Union)་གླེང་སྟེགས་ཐོག་བོད་དོན་གཏམ་བཤད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎