ཨ་མི་རི་ཀས་ཤར་ཏུར་ཀིསུ་ཐན་ནས་ཐོན་པའི་དངོས་ཟོག་ནང་འདྲེན་བཀག་སྡོམ་བྱ་རྒྱུའི་གྲ་སྒྲིག་ཡོད་ཟེར།

2022.06.02
Share on WhatsApp
Share on WhatsApp
ཨ་མི་རི་ཀས་ཤར་ཏུར་ཀིསུ་ཐན་ནས་ཐོན་པའི་དངོས་ཟོག་ནང་འདྲེན་བཀག་སྡོམ་བྱ་རྒྱུའི་གྲ་སྒྲིག་ཡོད་ཟེར། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Wang Yi)་ཡིས་ཨ་རིའི་ཕྱི་སྲིད་བློན་ཆེན་ལ་སྒུག་བཞིན་པ། ༡༠།༣༡།༢༠༢༢
AFP

དེ་ཡང་རོའུ་ཊར་གསར་ཁང་གིས་ཨ་རིའི་རྒྱལ་ས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་གཞུང་གི་འབྲེལ་ཡོད་དཔོན་རིགས་ཀྱིས་ཟླ་འདིའི་ཚེས་༢༡ནས་བཟུང་ཤར་ཏུར་ཀིསུ་ཐན་ནམ་ཞིན་ཅང་(Xinjiang)་མངའ་ཁུལ་ནས་ཐོན་པའི་དངོས་ཟོག་ཁག་ཨ་རིར་ནང་འདྲེན་བཀག་སྡོམ་ལག་བསྟར་བྱ་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་པ་དང་། ཕྱི་ཟླ་དྲུག་པའི་ཟླ་མཇུག་ལ་ཞིན་ཅང་དང་འབྲེལ་བའི་ཁྲིམས་གཞི་ཤིག་ལག་བསྟར་བྱ་དགོས་ཀྱི་ཡོད་པར་སོང་། དངོས་ཟོག་ཆག་ཡངས་གཏོང་དགོས་པའི་རིགས་ལ་བདེན་དཔང་མཐོན་པོ་དགོས་ཀྱི་རེད་ཅེས་ཨ་རིའི་འགག་སྒོ་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣས་གཟའ་ལྷག་པའི་ཉིན་གསུངས་འདུག
ཨ་རིའི་སྲིད་འཛིན་སྦཡེ་ཌེན་གྱིས་ན་ནིང་གི་ཕྱི་ཟླ་༡༢པའི་ནང་རྒྱ་ནག་གཞུང་གིས་ཡུ་གུར་བ་བཙན་དབང་གིས་ངལ་རྩོལ་བཀོལ་བཞིན་པ་འགོག་ཐབས་ཞེས་པའི་ཁྲིམས་གཞིར་མཚན་རྟགས་བཀོད་ནས། དེ་ནི་ཨ་རིའི་ཁྲོམ་རྭའི་ནང་ཞིན་ཅང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་ལམ་ནས་བཟོ་བསྐྲུན་བྱས་པའི་དངོས་ཟོག་རིགས་འགོག་ཐབས་སུ་དམིགས་པ་ཡིན་པ་དང་། ཡུ་གུར་ཁ་ཆེ་མི་རིགས་ཐོག་རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་ཨ་རིའི་གཞུང་གིས་ཤོད་ཀྱི་ཡོད།
གཞན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་རིའི་སྐུ་ཚབ་ཀྱིས་གཟའ་ཕུར་བུའི་ཉིན་རྒྱལ་སྤྱིའི་ངལ་རྩོལ་པའི་མཐུན་ཚོགས་ཀྱི་ལྷན་ཚོགས་ཐོག མཐུན་ཚོགས་དེས་ཞིན་ཅང་གི་ངལ་རྩོལ་པའི་ཐོབ་ཐང་གི་གནས་སྟངས་ཐད་ཞིབ་འཇུག་བྱ་རྒྱུར་རྒྱ་ནག་གཞུང་གིས་ངོས་ལེན་བྱ་དགོས་བ་དང་། ཞིན་ཅང་ནང་གི་ངལ་རྩོལ་བའི་གནས་སྟངས་ཐད་ཞིབ་འཇུག་བྱ་རུ་འཇུག་དགོས། དེ་ཡང་རྒྱ་ནག་གཞུང་གི་སྟངས་འཛིན་དང་བཀག་སྡོམ་གང་ཡང་མེད་པར་ཞིན་ཅང་གི་ཚོགས་པ་དང་མི་སྒེར་སུ་འདྲ་ཞིག་ལ་སྐད་ཆ་འདྲི་རྒྱུར་འགོག་རྐྱེན་མི་བཟོ་པའི་ཆ་རྐྱེན་བསྐྲུན་དགོས་པ་སོགས་ཀྱི་འབོད་སྐུལ་གནང་ཡོད་འདུག
རྒྱ་ནག་གཞུང་གིས་ཞིན་ཅང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་བརྫིས་གཏོང་གི་ཡོད་པ་ངོས་ལེན་བྱེད་ཀྱི་མེད་པ་དང་། ཞིན་ཅང་ནི་སྲིང་བལ་ཐོན་སྐྱེད་བྱེད་མཁན་གྱི་ཡུལ་གྲུ་ཆེ་ཤོས་ཤིག་ཡིན་པ་མ་ཟད། འཛམ་གླིང་སྟེང་གི་ཉི་གློག་རྒྱུ་ཆ་མཁོ་སྤྲོད་བྱེད་མཁན་ཆེ་ཤོས་དེ་ཆགས་ཡོད། རྒྱ་ནག་གཞུང་གིས་ཡུ་གུར་བ་གཙོས་ཁ་ཆེ་གྲངས་ཉུང་མི་རིགས་བཀག་སྐྱིལ་བྱས་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་བཙན་དབང་གིས་ངལ་རྩོལ་དུ་བཀོལ་ནས་བཟོས་པའི་དངོས་ཟོག་རིགས་ཨ་རིར་ནང་འདྲེན་བྱ་རྒྱུ་ཁྲིམས་ཐོག་ནས་མི་ཆོག་བཟོས་པ་ཞིག་ཡིན་པ་རེད། ཡུ་གུར་དང་འབྲེལ་བའི་གོང་གི་ཁྲིམས་གཞི་དེ་ལག་ལེན་ཚུལ་བཞིན་ཡོང་བར་ཨ་རིའི་ཁྲིམས་བཟོ་བ་ཁག་ཅིག་གིས་སྒོ་ཁྲལ་འགག་སྒོ་ལས་ཁུངས་ཀྱི་སྔོན་རྩིས་སྤར་རྒྱུར་རྒྱབ་སྐྱོར་གནང་ཡོད།

གསར་འགོད་པ། བོད་རྒྱལ། འཆི་མེད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་ནང་རིམས་ནད་དམ་དྲགས་ལ་ངོ་རྒོལ་དང་འབྲེལ་བོད་ནང་གི་མཚོ་སྔོན་ཟི་ལིང་དུ་མི་མང་ཕྱི་ལ་འབུད་མི་ཆོག་པའི་བཀོད་ཁྱབ་གཏོང་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎