ཨ་མི་རི་ཀས་རྒྱ་ནག་གི་ཚོང་ཟོག་ཐད་སྒོ་ཁྲལ་འཕར་མ་བཀེལ་བ།


2019.05.10
ཨ་རིའི་རྒྱལ་སའི་ས་འོག་མེ་འཁོར་ནང་ཨ་རྒྱ་གཉིས་ཀྱི་ཚོང་དོན་གྲོས་མོལ་སྐོར་གྱི་གསར་འགྱུར་ཀློག་བཞིན་པ། ༢༠༡༩།༥།༨ ཨ་རིའི་རྒྱལ་སའི་ས་འོག་མེ་འཁོར་ནང་ཨ་རྒྱ་གཉིས་ཀྱི་ཚོང་དོན་གྲོས་མོལ་སྐོར་གྱི་གསར་འགྱུར་ཀློག་བཞིན་པ། ༢༠༡༩།༥།༨
Lhuboom/RFA

ཨ་རིའི་རྒྱལ་སར་ཚོགས་བཞིན་པའི་ཨ་རྒྱ་གཉིས་ཀྱི་ཚོང་དོན་གྲོས་མོལ་དེ་རེ་བ་ལྟར་ཡོང་གི་མེད་པ་དང་ཨ་རིས་རྒྱ་ནག་ལ་སྒོ་ཁྲལ་ལྡབ་འགྱུར་སྤར་འདུག
ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱི་བར་ཚོང་འབྲེལ་གྲོས་མོལ་རེ་བ་བྱེད་པ་ལྟར་ཡོང་གི་མེད་པའི་རྟགས་ཚན་དུ་འདི་ཚེས་༡༠་ཉིན་ཨ་མི་རི་ཀའི་སྲིད་འཛིན་མཆོག་གིས་རྒྱ་ནག་ལ་ཉིན་ཤས་གོང་ཉེན་བརྡ་བཏང་བ་ལྟར། རྒྱ་ནག་གིས་ཨ་མི་རི་ཀར་ཕྱིར་ཚོང་བྱེད་བཞིན་པའི་མ་གནས་ཨ་སྒོར་ཐེར་འབུམ་༢༠༠འི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་རྒྱག་བཞིན་པ་ནས་ད་ཆ་བརྒྱ་ཆ་༢༥བར་སྤར་ཡོད་པ་རེད།
དེ་ནི་རྒྱ་ནག་གི་སྲིད་བློན་གཞོན་པ་(Liu He)ཡིས་འགོ་ཁྲིད་པའི་ཚོང་འབྲེལ་སྐུ་ཚབ་དང་། ཨ་མི་རི་ཀའི་ཚོང་འབྲེལ་སྐུ་ཚབ་ཀྱི་བར་རེས་གཟའ་ཕུར་བུའི་ཉིན་རྒྱལ་ས་ཝ་ཤིང་ཀྲོན་དུ་གྲོས་མོལ་གནང་མུས་ལ། ཨ་མི་རི་ཀའི་ཚོང་འབྲེལ་སྐུ་ཚབ་ནས་དགོང་དྲོ་སྲིད་འཛིན་མཆོག་ལ་གྲོས་མོལ་གྱི་ཁ་ཕྱོགས་ཇི་འགྱུར་ཞིབ་ཕྲ་སྙན་སེང་གི་རྗེས་སུ། སྲིད་འཛིན་མཆོག་གིས། རྒྱ་ནག་གིས་དངོས་ཟོག་རིགས་གཅིག་ལ་སྒོ་ཁྲལ་སྤར་བའི་གསལ་བསྒྲགས་སྤེལ་ཡོད་པ་རེད།
ཨ་མི་རི་ཀའི་སྲིད་འཛིན་མཆོག་གིས་རྒྱ་ནག་གིས་ཚོང་འབྲེལ་གྲོས་མཐུན་བྱུང་བའི་ཆ་ཤས་མང་པོ་ཞིག་ཟུར་འདོན་གྱིས་བསྐྱར་དུ་གྲོས་མོལ་བྱེད་ཀྱི་ཡོད་པར་དེ་ནི་འགྲིག་ཐབས་མེད་པ་ཞིག་ཡིན་པ་གསུངས་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཚོང་འབྲེལ་ལྷན་ཁང་གིས་ཨ་མི་རི་ཀས་སྒོ་ཁྲལ་སྤར་བའི་གནད་དོན་དེར་བློ་འགྱོད་ཡོད་པ་དང་། རྒྱ་ནག་གི་ངོས་ཀྱང་དེ་མཚུངས་ཀྱིས་ལས་འཆར་སྤེལ་དགོས་པ་འགྱུར་རྒྱུ་ཡིན་ལུགས་བརྗོད་ཡོད་ཀྱང་། ཚོང་ཟོག་དངོས་པོའི་རྣམ་གྲངས་གང་ཞིག་གི་ཐག་སྒོ་ཁྲལ་སྤོར་མིན་ཞིབ་ཕྲ་གང་ཡང་བརྗོད་མེད་པ་རེད།
ཨ་མི་རི་ཀའི་སྲིད་འཛིན་མཆོག་གིས་ཕྱོགས་གཉིས་ཀྱི་དབར་ཚོང་འབྲེལ་གྲོས་མཐུན་ད་ལྟའང་ཐུབ་སྲིད་པ་དང་། ཁོང་ལ་ཁ་ས་དགོང་མོ་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་(Xi Jinping)་གྱི་འགྲམ་ནས་ཡིག་གེ་སྙིང་རྗེ་པོ་ཞིག་འབྱོར་ཡོད་ལུགས་གསུངས་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པ་ཚོས་གསུངས་ན། དགག་རྩའི་གནད་དོན་གཙོ་བོ་ཞིག་ནི་དེ་སྔ་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་དབང་བའི་དངོས་པོ་བཟོ་བསྐྲུན་གྱི་རིག་རྩལ་སྲུང་སྐྱོབ་བྱ་རྒྱུ་ལ་སོགས་པའི་རྩ་དོན་ཁས་ལེན་བྱས་པ་ཁག་རྒྱ་ནག་གིས་རང་གི་ཁྲིམས་སྒྲིག་ནང་གཏན་འབེབས་ཀྱིས་སྲུང་སྐྱོབ་བྱ་རྒྱུར་ཁས་ལེན་བྱས་ཡོད་ཀྱང་། ད་ཆ་དེ་དག་ནང་དོན་ཁས་ལེན་བྱས་པ་གང་ཞིག་ལ་ཁྲིམས་སྒྲིག་ནང་གཏན་འབེབས་བྱ་རྒྱུར་མོས་མཐུན་བྱེད་ཀྱི་མེད་པ་དང་། ཨ་མི་རི་ཀས་རྒྱ་ནག་གི་བསམ་གཏིང་དྲན་སྐྱེས་ཀྱི་བྱ་སྤྱོད་དེར་ངོས་ལེན་ཐུབ་ཀྱི་མེད་པ་གསུངས་ཀྱི་ཡོད་པ་རེད།
གནད་དོན་ཉམས་ཞིབ་པ་ཚོས་གསུངས་ན། རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་གྱི་བསམ་བློར། ཨ་མི་རི་ཀའི་དཔལ་འབྱོར་གནས་སྟངས་དེ་བརྟན་པོ་ཞིག་མེད་པའི་འཁྲུལ་སྣང་དང་། ཡང་ད་རེས་རྒྱ་ནག་གི་རྒྱུད་གཅིག་དང་ལམ་གཅིག་གི་ཚོགས་འདུ་དེ་ཡང་གང་ཙམ་ཡག་པོ་བྱུང་བའི་སྤོབས་པ་ལ་སོགས་པའི་ཁོག་རྩིས་མང་པོ་ཞིག་ནོར་ཡོད་པ་དང་། ད་ཆ་རྒྱ་ནག་གི་སྲིད་འཛིན་ལ་འདེམས་ཁ་ཡོད་པ་དེ་ནི། མུ་མཐུད་ཨ་མི་རི་ཀའི་མཉམ་ཚོང་འབྲེལ་རྩོད་རྙོག་འདུམ་སྒྲིག་མ་ཐུབ་པར་མུ་མཐུད་རྒྱ་ནག་རང་ཉིད་ཀྱི་དཔལ་འབྱོར་ལ་དོ་ཕོག་ཐེབ་འཇུག་རྒྱུ་དང་། ཡང་ན་ཨ་མི་རི་ཀའི་དགོས་འདུན་ལ་དང་ལེན་གྱིས་རྒྱ་ནག་མི་དམངས་མདུན་སྤོབས་ཞུམ་དགོས་པའི་གནས་སྟངས་ཆགས་རྒྱུ་ཡིན་ལུགས་བརྗོད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎