ཨ་མི་རི་ཀ་དང་རྒྱ་ནག་བར་དངོས་ཟོག་སྒོ་ཁྲལ་གྱི་ཚོང་དམག་རྒྱག་འགོ་ཚུགས་འདུག

2018-07-06
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་མི་རི་ཀ་དང་རྒྱ་ནག་བར་དངོས་ཟོག་སྒོ་ཁྲལ་གྱི་ཚོང་དམག་རྒྱག་འགོ་ཚུགས་པ།
ཨ་མི་རི་ཀ་དང་རྒྱ་ནག་བར་དངོས་ཟོག་སྒོ་ཁྲལ་གྱི་ཚོང་དམག་རྒྱག་འགོ་ཚུགས་པ།
Reuters

ཨ་མི་རི་ཀ་དང་རྒྱ་ནག་རྒྱལ་ཁབ་གཉིས་བར་དངོས་ཟོག་ནང་འདྲེན་གྱི་སྒོ་ཁྲལ་ཚོང་དམག་རྒྱག་འགོ་ཚུགས་འདུག
དེ་ཡང་ཨ་མི་རི་ཀའི་གཞུང་གིས་ཕྱི་ཚེས་༦རེས་གཟའ་པ་སངས་ཀྱི་སྔ་དྲོའི་ཆུ་ཚོད་བཞི་པ་ནས། རྒྱ་ནག་ནས་ནང་འདྲེན་བྱེད་པའི་མ་གནས་ཨ་སྒོར་ཐེར་འབུམ་༣༤ ཡི་ཚོང་ཟོག་ལ་སྒོ་ཁྲལ་དངོས་སུ་སྤར་རྒྱུའི་དུས་བཀག་འགོ་འཛུགས་པའི་ཆུ་ཚོད་བཞིའི་རྗེས་སུ། རྒྱ་ནག་གཞུང་གིས་ཨ་མི་རི་ཀས་རྒྱ་ནག་ལ་ཕྱིར་ཚོང་བྱེད་པའི་མོ་ཊ་དང་སོ་ནམ་གྱི་ཐོན་སྐྱེད་བཅས་པའི་དངོས་ཟོག་མ་གནས་ཨ་སྒོར་འཐེར་འབུམ་༣༤ གི་ཚོང་ཟོག་ལ་སྒོ་ཁྲལ་རྒྱབ་འགོ་བཙུགས་ཡོད་པ་རེད།
རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Lu Kang)གིས་གསར་འགོད་ལྷན་ཚོགས་ཐོག ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་མ་འོས་པའི་སྒོ་ཁྲལ་འཕར་མ་རྒྱབ་འགོ་ཚུགས་པའི་རྗེས་སུ། རྒྱ་ནག་གི་ངོས་ནས་ཀྱང་ལམ་སེང་ཨ་མི་རི་ཀའི་དངོས་ཟོག་རིགས་གཅིག་ལ་སྒོ་ཁྲལ་སྤར་བ་ཡིན་སྐོར་བརྗོད་ཡོད་པ་རེད།
ཨ་མི་རི་ཀའི་སྲིད་འཛིན་(Trump)་སྲིད་གཞུང་གིས་རྒྱ་ནག་གི་ངོས་ནས་ཨ་མི་རི་ཀའི་ཆེད་ལས་མི་སྣས་རིག་རྩལ་གྱི་སྒོ་ནས་བཟོས་པའི་དངོས་ཟོག་རྐུ་འཁྱེར་བྱེད་ཀྱི་ཡོད་པ་མཚམས་འཇོག་དང་། ཨ་རིའི་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་ནག་ནང་ཚོང་རྒྱག་རྒྱུར་འགོག་རྐྱེན་བཟོ་བཞིན་པའི་སྲིད་བྱུས་ལ་ཡོ་བསྲང་དགོས། རྒྱ་ནག་གི་ངོས་ནས་ཨ་མི་རི་ཀའི་མཉམ་ཚོང་འབྲེལ་ཆ་སྙོམས་ཡོང་བ་བྱེད་དགོས་ཀྱི་ཡོད་པ་བཅས་ཀྱི་རྩ་དོན་ཁག་ཅིག་རྩོད་གླེང་གནང་གི་ཡོད་པ་དང་། རྒྱ་ནག་གིས་དེ་ལྟར་མ་བྱས་པར་སོང་། ཁོང་ནས་ཚོང་འབྲེལ་ཆ་སྙོམས་ཡོང་རྒྱུའི་ཆེད། རྒྱ་ནག་གིས་ཨ་མི་རི་ཀའི་ནང་ཕྱི་ཚོང་བྱེད་བཞིན་པའི་དངོས་ཟོག་རིམ་པ་བྱས་ནས་སྒོ་ཁྲལ་སྤར་རྒྱུ་ཡིན་པ་གསུངས་ཀྱི་ཡོད་པ་རེད།
རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་ཨ་མི་རི་ཀ་གཞུང་གི་གནང་སྟངས་དེ་ཇག་ཚོགས་ཀྱི་བྱེད་སྟངས་ཤིག་ཡིན་པའི་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པ་དང་། (Shanghai Jaiotong)གཙུག་ལག་སློབ་གཉེར་ཁང་གི་དཔལ་འབྱོར་རིག་པ་བ་(Chen Feixiang)གིས། ཕྱོགས་གཉིས་ཀྱི་བར་ཚོང་འབྲེལ་གྱི་འཁྲུག་རྩོད་དེ་མ་གནས་ཨ་སྒོར་ཐེར་འབུམ་༣༤ཚད་གཞིར་གནས་པ་ཡིན་ན། སྤྱིའི་དཔལ་འབྱོར་གྱི་གནས་སྟངས་ལ་དེ་ཙམ་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་མིན་པ་དང་། འོན་ཀྱང་གལ་ཏེ་སྒོ་ཁྲལ་སྤར་རྒྱུའི་ཚད་གཞི་དེ་མ་གནས་ཨ་སྒོར་འཐེར་འབུམ་༥༠༠བརྒལ་བ་ཡིན་ན། རྒྱལ་ཁབ་ཕྱོགས་གཉིས་ཀའི་དཔལ་འབྱོར་ལ་དོ་ཕོག་འགྲོ་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

གསར་འགོད་པ་བློ་བཟང་ཡེ་ཤེས།

མཆན། (0)
Share
དྲ་གནས་ཆ་ཚང༌།