ཨ་རིས་རྒྱ་ནག་གི་མཐུན་ཚོགས་ཞིག་དམར་ཤོག་ཚོགས་པའི་ལས་དོན་སྒྲུབ་མཁན་ཡིན་པའི་ཕྱི་འབྲེལ་སྡེ་ཚན་ལ་ངོས་འཛིན།


2020.10.29
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Mike Pompeo)་ལགས། ༢༠༢༠ ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Mike Pompeo)་ལགས། ༢༠༢༠
AFP

ཨ་མི་རི་ཀས་རྒྱ་ནག་གི་ཞི་བའི་གོང་བུ་གཅིག་གྱུར་མཐུན་ཚོགས་ཞེས་པ་དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་སྒྲུབ་མཁན་ཡིན་པའི་ཕྱི་འབྲེལ་སྡེ་ཚན་ལ་ངོས་འཛིན་བྱས་འདུག
དེ་ཡང་འདི་ཚེས་༢༨ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་ཡིས་བསྒྲགས་གཏམ་སྤེལ་བའི་ནང་། རྒྱ་ནག་གི་ཞི་བའི་གོང་བུ་གཅིག་གྱུར་མཐུན་ཚོགས་(National Association for China’s Peaceful Unification)ཟེར་བ་དེ། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་ཆ་ཤས་ཤིག་ཡིན་པ་དང་། འཐབ་ཕྱོགས་གཅིག་འགྱུར་ལས་ཁང་ནི་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་རྒྱ་ནག་དམར་ཤོག་ཚོགས་པར་འབྱུང་བའི་ཉེན་ཁའི་རིགས་ཞི་ཐབས་དང་། དམར་ཤོག་ཚོགས་པའི་དྲིལ་བསྒྲགས་དང་ཤུགས་རྐྱེན་སྤེལ་མཁན་གྱི་ནུས་ཤུགས་ལྡན་པའི་ལག་ཆ་ཞིག་ཏུ་རྒྱ་ནག་དམར་ཤོག་གཞུང་གིས་ངོས་འཛིན་བྱེད་ཀྱི་ཡོད་པ་གསུངས་ཏེ། ཨ་རིའི་ཕྱི་འབྲེལ་ལས་ཁུངས་ཁག་གི་ཁྲིམས་ཡིག་ལྟར། རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་སྟངས་འཛིན་འོག་ཡོད་པའི་རྒྱ་ནག་གི་ཞི་བའི་གོང་བུ་གཅིག་གྱུར་མཐུན་ཚོགས་(National Association for China’s Peaceful Unification)ཞེས་བ་དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་སྒྲུབ་མཁན་གྱི་ཕྱི་འབྲེལ་སྡེ་ཚན་ཞིག་ལ་ངོས་འཛིན་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་གནང་ཡོད་པ་རེད། ད་དུང་ཨ་རིའི་ཕྱི་སྲིད་དྲུང་ཆེའི་བསྒྲགས་གཏམ་དེའི་ནང་། དེ་སྔོན་ཕྱི་ཟླ་བརྒྱད་པའི་ནང་ཨ་རིའི་གཞུང་གིས་ཨ་རིའི་ནང་ཡོད་པའི་ཁུང་ཙིའི་སྡེ་ཁག་རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་སྒྲུབ་མཁན་གྱི་སྡེ་ཁག་ཏུ་ངོས་འཛིན་གྱིས། ཨ་རིའི་ནང་སྡེ་ཁག་དེ་དག་གི་ལས་དོན་སྤེལ་བ་ཁག་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་གསལ་པོ་བཟོ་དགོས་པ་གཏན་འབེབས་བྱས་པ་བཞིན། རྒྱ་ནག་གི་ཞི་བའི་གོང་བུ་གཅིག་གྱུར་མཐུན་ཚོགས་ཞེས་པ་དེས་ཀྱང་ལས་དོན་ཇི་སྤེལ་གསལ་པོ་བཟོ་དགོས་པ་གཅིག་མཚུངས་དགོས་པ་གསུངས་འདུག
རྒྱ་ནག་དམར་ཤོག་ཚོགས་པའི་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གིས་བོད་པའི་སྤྱི་ཚོགས་ནང་ལ་ཡང་དངོས་ཤུགས་བརྒྱུད་གསུམ་ནས་ཐེ་བྱུས་བྱེད་བཞིན་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཡེཀ་པོམ་པེའོ་མཆོག་གིས། ཕྱི་ཕྱོགས་སུ་ཡོད་པའི་རྒྱ་ནག་གི་ཞི་བའི་གོང་བུ་གཅིག་གྱུར་མཐུན་ཚོགས་(NACPU)དང་། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་(UFWD)བཅས་ཀྱིས། པེ་ཅིང་ནས་རྒྱ་ནག་དམར་ཤོག་ཚོགས་པའི་བཀོད་ཇུས་འོག་ཨ་རིའི་ནང་ཕྱོགས་མང་པོ་ནས་ཤུགས་རྐྱེན་ངན་པ་བཟོ་བཞིན་ཡོད་པ་རེད་ཅེས་དང་། དེ་སྔ་༢༠༡༡ལོའི་ཕྱི་ཟླ་༡ ཚེས་༡༩ཉིན། ཨ་རི་དང་རྒྱ་ནག་དབར་ཡུལ་གྲུ་སོ་སོའི་མངའ་སྡེའི་སྲིད་སྐྱོང་གི་མཉམ་ལས་གླེང་སྟེགས་འཛུགས་རྒྱུའི་བསམ་ཤེས་མོས་མཐུན་ཡིག་ཆ་ཞིག་བཞག་ཡོད་པ་དེ་ད་ཆ་མཚམས་འཇོག་གནང་རྒྱུའི་ཐག་གཅོད་གནང་པ་གསལ་བཤད་གནང་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེས། བསམ་ཤེས་མོས་མཐུན་གྱི་ཡིག་ཆ་དེ་བཞག་པའི་དམིགས་ཡུལ་གཙོ་བོ་ནི་མངའ་སྡེ་སོ་སོའི་དབར་གྱི་གཞུང་འབྲེལ་གྱི་འབྲེལ་ལམ་གོང་མཐོར་གཏོང་ཐབས་དེ་ཡིན་ན་ཡང་། རྒྱ་ནག་གིས་ཨ་རིའི་མངའ་སྡེ་ཁག་གི་ས་གནས་འགོ་ཁྲིད་ཚོར་ཤུགས་རྐྱེན་ངན་པ་སྤྲོད་ཐབས་དང་རྒྱ་ནག་གཞུང་གི་འདོད་ཕྱོགས་ཁྱབ་སྤེལ་གཏོང་ཐབས་སོགས་ཐོག་མའི་དམིགས་ཡུལ་དང་འགལ་བའི་ལས་དོན་སྤེལ་བཞིན་པའི་སྐྱོན་འཛུགས་གནང་འདུག
དེར་བརྟེན་ད་ཐེངས་ཨ་མི་རི་ཀའི་ཐག་གཅོད་དེས་རྒྱ་ནག་དང་འབྲེལ་ལམ་ཐད་ཕྱི་གསལ་ནང་གསལ་དང་། གཉིས་ཕན་འདྲ་མཉམ་གྱི་ཕྱོགས་གོམ་གང་མདུན་སྤོས་བྱས་པ་ཞིག་མཚོན་གྱི་ཡོད་པ་གསལ་སྟོན་བྱས་འདུག
འདིའི་གོང་ཨ་མི་རི་ཀའི་གཞུང་གིས་ཨ་རིའི་ནང་ཡོད་པའི་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་ལས་ཁང་མང་པོ་ཞིག་རྒྱ་ནག་གཞུང་གིས་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེར་ངོས་འཛིན་གྱིས་དམ་དྲག་གཅིག་མཚུངས་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་བལ་ཡུལ་ལ་ཨ་སྒོར་ས་ཡ་ ༢༠ རོགས་སྐྱོར་བྱ་རྒྱུ་སོགས་དོན་ཚན་དགུ་ཅན་གྱི་གྲོས་མཐུན་ལ་མཚན་རྟགས་བསྐྱོན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎