ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་ནང་ཨ་རི་དང་དབྱིན་ཡུལ་གྱིས་དམག་སྦྱོང་།

2019-01-16
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་གནམ་གྲུ་ཞིག་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག ༢༠༡༨།༡༡
ཨ་རིའི་གནམ་གྲུ་ཞིག་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག ༢༠༡༨།༡༡
AP

ཨ་མི་རི་ཀ་དང་དབྱིན་ཡུལ་ཟུང་སྦྲེལ་གྱི་ཐོག་ནས་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་ནང་མཚོ་དམག་དམག་སྦྱོང་ཐེངས་དང་པོ་དེ་བྱས་འདུག
ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་གི་བདག་དབང་ཐད་རྒྱ་ནག་དང་ཡུལ་གྲུ་མང་པོའི་དབར་རྩོད་རྙོག་ཡོད་ཅིང་། རྒྱ་ནག་གིས་མཚོང་མང་ཆེ་བའི་བདག་དབང་རྒྱ་ནག་ལ་ཡོད་ཚུལ་བརྗོད་བཞིན་ཡོད་ཀྱང་།  ཨ་མི་རི་ཀ་དང་ནུབ་ཕྱོགས་ཡུལ་གྲུ་ཁག་གཅིག་གིས་རྒྱ་ནག་གི་འདོད་ཚུལ་དེར་མོས་མཐུན་བྱེད་ཀྱི་མེད་པ་རེད།   རྒྱ་ནག་གི་ངོས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དམག་དོན་རྒྱ་སྐྱེད་བྱེད་བཞིན་པར་གདོང་ལེན་བྱེད་ཆེད། ཕྱི་ཟླ་ ༡ ཚེས་ ༡༡ ནས་ ཚེས་ ༢༣ བར་ཨ་མི་རི་ཀ་དང་། དབྱིན་ཡུལ་ཡུལ་གྲུ་གཉིས་ཀྱིས་ཟུང་སྦྲེལ་གྱི་ཐོག་ནས་ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་ཐོག་མཚོ་དམག་དམག་སྦྱོང་ཐེངས་དང་པོ་དེ་བྱས་ཡོད་པ་རེད།
ཉི་ཧོང་ནང་རྟེན་གཞི་བྱས་པ་ (USS McCampbell) ཟེར་བའི་ཨ་མི་རི་ཀའི་ཕར་རྒོལ་གཏོར་གཤིག་གི་དམག་གྲུ་དང་དེང་སྐབས་ཨེ་ཤེ་ཡའི་ནང་བསྐོར་བསྐྱོད་དུ་ཡོད་པ་དབྱིན་ཇིའི་་HMS Argyll རྟགས་ཅན་གྱི་དམག་གྲུ་གཉིས་ཐོག་ནས་ཐོུང་མི་བདེ་འཇགས་ཀྱི་གལ་གནད་ཆེ་བའི་གནད་དོན་ལ་དམིགས་ནས་འབྲེལ་ལམ་དང་དེ་མིན་གྱི་དམག་རྩལ་སྦྱོང་བརྡར་བྱས་ཡོད་པ་ཨ་མི་རི་ཀའི་མཚོ་དམག་གིས་རེས་གཟའ་ལྷག་པའི་ཉིན་སྤེལ་བའི་གསར་འགོད་བསྒྲགས་གཏམ་ཞིག་གི་ནང་བཀོད་འདུག
ད་དུང་སྤྱིར་བསྒྲགས་དེའི་ནང་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་ཡུལ་གྲུ་གཉིས་ཀྱིས་ཟུང་སྦྲེལ་གྱི་དམག་སྦྱོང་བྱས་པའི་དེ་སྔོན་ལོ་རྒྱུས་མེད་པར་མ་ཟད།  ཕྱི་ལོ་ ༢༠༡༠ ཐམ་པའི་རྗེས་ཡུལ་གྲུ་གཉིས་ཟུང་སྦྲེལ་གྱི་དམག་སྤྱོང་བྱས་པ་ཡང་ད་རེས་ཐོག་མ་ཡིན་པ་འཁོད་ཡོད་པ་རེད།
འདི་ནི་གནད་དོན་དབྱེ་ཞིབ་པ་ཚོས་དབྱིན་ཡུལ་གྱིས་རྒྱལ་སྤྱིའི་གལ་གནད་ཆེ་བའི་མཚོ་ལམ་དེའི་ནང་རྒྱ་ནག་གི་དམག་དོན་སྟོབས་ཤུགས་རྒྱ་སྐྱེད་བྱེད་བཞིན་པར་གདོང་ལེན་བྱས་པ་ད་རེས་ཐོག་མ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་ཅིང་།  རྒྱ་ནག་གཞུང་གིས་དབྱིན་ཇིའི་བྱ་སྤྱོད་འདི་ནི་འཁྲུག་རྐྱེན་སློང་བའི་རང་བཞིན་ཞིག་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོལ།

མཆན། (0)
Share
དྲ་གནས་ཆ་ཚང༌།