ཨ་རིའི་མཁའ་དམག་ཐད་འཕུར་གནམ་གྲུ་ཞིག་ཉི་ཧོང་ནང་ཛ་དྲག་གི་བབས་དགོས་བྱུང་ཡོད་པ།

2018-01-08
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་མི་རི་ཀའི་དམག་མིའི་ཐད་འཕུར་གནམ་གྲུ།
ཨ་མི་རི་ཀའི་དམག་མིའི་ཐད་འཕུར་གནམ་གྲུ།
བི་ཀི་པི་ཌི་ཡ།

༄༅། །དེ་རིང་རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་དམག་མིའི་ཐད་འཕུར་གནམ་གྲུ་ཞིག་གནམ་ཐོག་ཏུ་འཕུར་བཞིན་པའི་སྐབས་གློག་གི་ཉེན་བརྡ་ཐོན་ནས་སྐབས་འཕྲལ་ཉི་འོང་གི་Okinawa མཚོ་གླིང་མགྲོན་ཁང་གི་ཐང་ཐོག་ཏུ་ཛ་དྲག་གིས་འབབ་དགོས་བྱུང་ཡོད་པའི་གནས་ཚུལ་ཉི་འོང་གི་དམངས་ཁྲོད་རླུང་འཕྲིན་ཁང་གི་གསར་འགོད་པས་གནས་ཚུལ་གསལ་སྟོན་གནང་བ་དང་དུས་མཚུངས་ཐད་འཕུར་གནམ་གྲུ་མགྲོན་ཁང་གི་ཐང་ཐོག་ཏུ་འབབ་རྗེས་གནམ་གྲུའི་ནང་གི་མིར་རྨས་སྐྱོན་སོགས་གང་ཡང་ཕོག་མེད་ལུགས་གསལ་སྟོན་གནང་ཡོད་པ་རེད།   གནད་དོན་དེའི་སྐོར་ཉི་འོང་གི་Okinawa ནང་ཡོད་པའི་ཨ་མི་རི་ཀའི་མཚོ་ཐོག་དམག་མིའི་སྐུ་ཚབ་ལ་བཀའ་འདྲི་ཞུས་ཡོད་ཀྱང་ལམ་སེང་ལན་འདེབས་གནང་མེད་པ་རེད།  གནད་དོན་དེ་དང་འདྲ་མཚུངས་ཞིག་གཟའ་འཁོར་དེའི་གཟའ་མཇུག་གམ་རེས་གཟའ་སྤེན་པའི་ཉིན་ཨ་མི་རི་ཀའི་དམག་གི་ཡོ་ཆས་སྐྱེལ་འདྲེན་བྱེད་སའི་ཐད་འཕུར་གནམ་གྲུ་ཞིག་ཡང་Okinawa མཚོ་ཁར་ཛ་དྲག་གིས་འབབ་དགོས་བྱུང་ཡོད་པ་རེད།  དེའི་རྒྱུ་མཚན་ནི་གནམ་གྲུའི་འཕྲུལ་ཆས་ཀྱི་འགུལ་འཁོར་ཡོ་ཆས་ལ་སྐྱོན་ཤོར་ནས་སྐབས་དེར་ཛ་དྲག་གིས་གནམ་གྲུ་འབབ་དགོས་བྱུང་ཡོད་འདུག།
གསར་འགོད་པ་དབྱངས་སྒྲོལ།

མཆན། (0)
Share
དྲ་གནས་ཆ་ཚང༌།