ཨི་ཊ་ལིའི་ལྦེ་ནིསི་གྲོང་སྡེས་༸གོང་ས་མཆོག་ལ་ཆེ་བསྟོད་འབུལ་རྒྱུ།

ཨི་ཊ་ལིའི་ལྦེ་ནི་སི་གྲོང་སྡེ་ལྷན་ཚོགས་ནས་༸གོང་ས་མཆོག་ལ་གྲོང་ཁྱེར་དེའི་མི་སེར་གྱི་ཆེ་བསྟོད་འབུལ་རྒྱུར་སྤྱི་མོས་བྱུང་ཡོད་འདུག

2008.07.29

༄༅༎ཨི་ཊ་ལིའི་བརྗིད་ཉམས་ལྡན་པའི་ལྦེ་ནི་སི་གྲོང་སྡེ་ལྷན་ཚོགས་ནས་ བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྲོང་ཁྱེར་དེའི་མི་སེར་གྱི་ཆེ་བསྟོད་འབུལ་རྒྱུར་སྤྱི་མོས་བྱུང་ཡོད་འདུག

གནད་དོན་འདི་ཐོག་མར་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་ མི་ཤེལ་སྦོར་ཏོ་ལུ་ཛི་ མཆོག་ནས་ཞུ་བསྐུལ་གནང་པ་ཞིག་ཡིན་འདུག་པ་དང་ ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་དེ་ པེ་ཅིང་དུ་ཨོ་ལིམ་པིག་གི་རྩེད་འགྲན་མ་ཚུགས་སྔོན་ཕུལ་ཟིན་པ་དགོས་རྒྱུའི་དགོངས་ཚུལ་ཤུགས་ཆེ་བཏོན་གནང་ཡོད་པ་དང་ ཞུ་བབ་དེ་མདུན་བསྐྱོད་ཡོང་རྒྱུར་ཉུང་མཐར་གྲོང་ཁྱེར་དེའི་མི་སེར་ཆིག་སྟོང་ལྔ་བརྒྱའི་རྒྱབ་སྐྱོར་གྱི་མིང་རྟགས་འདུ་འགོད་བྱེད་དགོས་ཤིང་དེའི་ཐོག་ས་གནས་དེའི་ནང་ཡོད་པའི་བོད་དང་ལྦེ་ནིསི་མཐུན་ཚོགས་ནས་འདས་པའི་ཉིན་གྲངས་འགའ་ཤས་རིང་ས་རྟགས་འདུ་རུབ་ཀྱི་ལས་དོན་སྤེལ་ཡོད་པ་ཡིན་འདུག

བོད་དང་ལྦེ་ནིསི་མཐུན་ཚོགས་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་ ང་ཚོས་ཏཱ་ལའི་བླ་མ་མཆོག་ལ་གྱོང་ཁྱེར་འདིའི་ཆེ་བསྟོད་མི་སེར་གྱི་མཚན་རྟགས་འབུལ་རྒྱུའི་ཆེད་ མི་དམངས་ཀྱི་རྒྱབ་སྐྱོར་མཚོན་ཐབས་ཀྱི་ས་རྟགས་འདུ་རུབ་ཀྱི་ལས་དོན་སྤེལ་བཞིན་པ་འདིས་ བོད་མི་ཚོ་ལོ་རྒྱུས་ནང་གི་དཀའ་ངལ་ཆེ་ཤོས་ཀྱི་དུས་སྐབས་ཤིག་གི་འོག་བསྐྱོད་བཞིན་པར་ ང་ཚོ་ལྦེ་ནིསི་གྲོང་ཁྱེར་གྱི་མི་སེར་ཚོའི་ངོས་ནས་ཤ་ཚ་དང་གདུང་སེམས་མཉམ་བསྐྱེད་ཡོད་པ་མཚོན་ཐབས་ཆེད་ཡིན་པ་གསལ་བཤད་བྱས་འདུག

ལྦེ་ནིསི་གྲོང་ཁྱེར་གྱིས་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་མི་སེར་གྱི་མཚན་རྟགས་དེ་ གྲོང་སྡེ་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་ཆེན་ཞིག་འདུ་བསྐོང་གནང་སྟེ་ གྲོང་ཁྱེར་སྤྱི་ཁྱབ་པ་ མ་སི་མོ་ཁ་ཆི་ཡ་རི་ མཆོག་ནས་ཕྱག་འབུལ་ཞུ་རྒྱུ་ཡིན་འདུག།

འདི་ལོའི་ནང་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ ཕེརན་སིའི་རྒྱལ་ས་ པེ་རིསི་གྲོང་ཁྱེར་དང་ པོ་ལེནཌ་གྱི་གྲོང་ཁྱེར་ལྦོརོ་ཁོལོ་བཅས་ནས་ཀྱང་ཆེ་བསྟོད་མི་སེར་གྱི་གནས་བབ་འབུལ་ལམ་ཞུས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎