རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་ངོ་དེབ་ཁ་བྱང་གཉིས་ཀ་བཀག་འདུག


2020.09.25
རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་(twitter)་དྲ་བར་ངོ་དེབ་བཀག་པའི་སྐོར་སྤེལ་ཡོད་པ། རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་(twitter)་དྲ་བར་ངོ་དེབ་བཀག་པའི་སྐོར་སྤེལ་ཡོད་པ།
དྲ་བཤུས།

བོད་པའི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་མིང་ཐོག་ཡོད་པའི་ཁོང་གི་ངོ་དེབ་ཁ་བྱང་ཁག་གཉིས་བཀག་ཡོད་འདུག
རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་བོད་པའི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་ངོ་དེབ་ཁ་བྱང་ཁག་གཉིས་ཚེས་༢༣་དང་རེས་གཟའ་ལྷག་པ་ཉིན་ནས་ངོ་དེབ་དྲ་ཚིགས་ཀྱིས་བཀག་པ་དང་། རྒྱུ་མཚན་ནི་ཕྱོགས་གསུམ་པ་ཞིག་གིས་ཐེར་འདོན་བྱས་པ་བརྒྱུད་བེད་སྤྱོད་བཀག་པའི་བརྡ་ཐོ་བཏང་ཡོད་འདུག
འདི་ག་རླུང་འཕྲིན་ཁང་གིས་ད་ལྟ་རྒྱ་ནག་ཏུ་ཡོད་པའི་ཚེ་རིང་འོད་ཟེར་ལགས་སུ་ཐད་ཀར་བཀའ་མོལ་ཞུ་སྐབས། ཁོང་གིས་ཚེས་༢༣་ཉིན་དུས་རྒྱུན་ལྟར་ངོ་དེབ་སྒོ་ཕྱེ་སྐབས་བེད་སྤྱོད་བྱེད་ཐབས་མེད་པར་གྱུར་ཡོད་པ་གསུངས་བྱུང་།
ཚེ་རིང་འོད་ཟེར་ལགས་ཀྱིས་རྒྱ་ནག་གི་བཀག་འགོག་དམ་བསྒྲགས་ལས་གཡོལ་ཏེ་(VPN)་མཉེས་ཆས་བེད་སྤྱོད་བྱས་པའི་ཐོག་ནས་ངོ་དེབ་བེད་སྤྱོད་བྱས་ཏེ་ལོ་མང་འགྲོ་ཡི་ཡོད་པ་དང་། ཁོང་གི་མིང་ཐོག་ནས་ངོ་དེབ་ཁ་བྱང་ཁག་གཉིས་ཕྱེ་ཡོད་པ་གཉིས་ཀ་བེད་སྤྱོད་མེད་པ་བཟོས་ཡོད་འདུག
འོད་ཟེར་ལགས་ཀྱི་ངོ་དེབ་བཀག་པ་དེ་ད་རེས་ཐེངས་དང་པོ་ཆགས་ཀྱི་མེད་པ་དང་། ད་བར་ཐེངས་གསུམ་བེད་སྤྱོད་མེད་པ་བཟོ་མྱོང་ཡོད་འདུག
དེ་བཞིན་ཡང་ཐེངས་ཤིག་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྐབས་ཀྱི་དུས་ཚོད་ལ་ངོ་དེབ་གཟའ་འཁོར་གཅིག་རིང་བཀག་པའི་གནས་ཚུལ་བྱུང་ཡོད་འདུག་ལ། འོད་ཟེར་ལགས་ཀྱི་ངོ་དེབ་ནང་འབྲེལ་བ་བྱེད་མཁན་མི་སྟོང་ཕྲག་ཁ་ཤས་དང་ལྟ་ཀློག་བྱེད་མཁན་ཁྲི་ཡོང་གི་ཡོད་འདུག
ངོ་དེབ་དྲ་ཚིགས་ནས་ཕྱོགས་གསུམ་པ་ཞིག་གིས་ཐེར་འདོན་བྱས་པ་བརྒྱུད་བཀག་པ་ཡིན་པའི་རྒྱུ་མཚན་འདིར་འོད་ཟེར་ལགས་ཀྱིས་འདི་ནི་རྒྱ་ནག་ནས་དྲ་རྒྱ་ཁག་གི་ཐོག་གནོད་པ་གཏོང་མཁན་མི་བེད་སྤྱོད་བྱེད་ཀྱི་ཡོད་པས། དེ་ཚོས་ངོ་དེབ་དྲ་ཚིགས་ལ་ཐེར་འདོན་བྱས་པར་ངོས་འཛིན་གནང་གི་འདུག་ལ། རང་དབང་གི་ཡུལ་གྲུའི་ནང་ཡོད་པའི་ངོ་དེབ་དྲ་ཚིགས་ཀྱིས་བརྟག་དཔྱད་ཞིབ་འཇུག་ཡག་པོ་མ་བྱས་པར་སྨྲ་བརྗོད་རང་དབང་ལ་བཀག་འགོག་བྱས་པར་བློ་ཕམ་ཡོད་པ་གསུངས་ཀྱི་འདུག་ལ། གང་མྱུར་ངོ་དེབ་བེད་སྤྱོད་ཐུབ་པའི་རེ་བ་ཡང་གནང་གི་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎