བླ་མཚོའི་ཁར་དམར་ཧྲེང་པར་རྒྱབ་མཁན་འཇུ་བཟུང་བྱས་བ།


2016.04.15
རྒྱ་ནག་གི་བུད་མེད་གཅིག་གིས་བོད་ཀྱི་བླ་མཚོ་ཡར་འབྲོག་གཡུ་མཚོའི་ཁ་ནས་དམར་ཧྲེང་མར་པར་རྒྱབ་པ། ༢༠༡༦།༤།༡༡ རྒྱ་ནག་གི་བུད་མེད་གཅིག་གིས་བོད་ཀྱི་བླ་མཚོ་ཡར་འབྲོག་གཡུ་མཚོའི་ཁ་ནས་དམར་ཧྲེང་མར་པར་རྒྱབ་པ། ༢༠༡༦།༤།༡༡
weibo

བོད་ཀྱི་ལྷོ་ཁའི་སྣ་དཀར་རྩེར་ཆགས་པའི་ཡར་འབྲོག་གཡུ་མཚོའི་འགྲམ་དུ་བེུད་ཞིག་གིས་ལུས་དམར་ཧྲང་དུ་འདྲ་པར་རྒྱབ་པ་རྣམས་སྤྱི་ཚོགས་ནང་ཐོན་པའི་རྗེས། རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱའི་ཐོག་ལ་མང་ཚོགས་ནས་སྐྱོན་བརྗོད་བྱེད་ཡུལ་དུ་གྱུར་ནས་ཁག་ཅིག་གིས་བོད་མིའི་རིག་གཞུང་ལ་གུས་བརྩི་མེད་པའི་བྱ་སྤྱོད་རེད་ཟེར་བའི་སྐྱོན་བརྗོད་བྱས་བ་མ་ཟད་། པར་རྒྱག་མཁན་མི་དེ་འཛིན་བཟུང་བྱས་ཡོད་པ་རེད།
གནས་ཚུལ་ལྟར་ན། ཡར་འབྲོག་ཡུལ་མཚོའི་མདུན་དུ་བེུད་ཞིག་གིས་དམར་ཧྲང་དུ་འདྲ་པར་རྒྱབ་པའི་པར་རྣམས་དང་ཐོག་ཕྱི་ཟླ་བཞི་པའི་ཚེས་༡༡་ཉིན་རྒྱ་ནག་ནང་གི་ཆེས་དར་སོ་ཆེ་བའི་Sina Weibo་ཞེས་པའི་དྲ་རྒྱའི་ནང་ཁྱབ་པ་དང་། དེ་རྗེས་འདྲ་པར་ནང་གི་དམར་ཧྲང་དུ་པར་རྒྱབ་པའི་བེུད་དེ་དང་འདྲ་པར་རྒྱབ་མཁན་གཉིས་ཀའི་ཀླ་ཀླའི་བྱ་སྤྱོད་དང་། མ་རབས་ཀྱི་སྤྱོད་ཚུལ་ཐོག་ལ་སྐྱོན་བརྗོད་བྱེད་ཡུལ་དུ་གྱུར་བ་མ་ཟད་། འདྲ་པར་གྱི་གནས་ཚུལ་དེ་གློ་བུར་དུ་གླེང་གཞི་ཆེ་རུ་ཕྱིན་ནས་རྒྱ་ནག་གི་འཕྲིན་ཕྲན་Wechat་ནང་དར་ཁྱབ་བྱུང་ཡོད་པ་རེད།
གླེང་གཞི་ཅན་གྱི་འདྲ་པར་དེ་རྣམས་Yu Feixiong་ཟེར་བའི་མི་ཞིག་གིས་རྒྱབ་པ་དང་། མི་དེ་ནི་བོད་མི་ཡུལ་སྐོར་བ་ཚོའི་ཆེད་དུ་པར་རྒྱབ་མཁན་གྱི་ཆེད་ལས་པར་པ་བ་ཞིག་ཡིན་པའི་ཁར་ཁོ་རང་གི་ཚོང་ལས་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་དྲ་རྒྱའི་ཐོག་ལ་ཚོང་ལས་ཀྱང་གཉེར་མཁན་ཞིག་ཡིན་པ་རེད། གོང་གི་འདྲ་པར་དེ་རྣམས་དར་གསོ་ཆེ་བའི་རྒྱ་ནག་གི་དྲ་རྒྱ་གང་སར་ཁྱབ་པའི་རྗེས་གླིང་གཞི་རྣོ་ངར་ཆེན་པོ་གྱུར་ནས། ཁག་ཅིག་གིས་བོད་ཀྱི་རིག་གཞུང་ལ་གུས་བརྩི་མ་བྱས་བ་རེད་ཟེར་བ་དང་། ཁག་ཅིག་གིས་སྒྱུ་རྩལ་གྱི་ཐོག་ལ་བསམ་བློ་རྒྱ་ཆེ་ཙམ་གཏོང་དགོས་པའི་སྐོར་སོགས་བསམ་ཚུལ་བཤད་མཁན་བྱུང་ཡོད་ལ་།
ད་དུང་པར་པ་དེ་ཡིས་བོད་ཀྱི་རིག་གཞུང་ལ་བརྩི་བཀུར་མ་བྱས་པ་དེ་ནི་ཁྲིམས་ཀྱི་ནག་ཉེས་པ་བསག་པའི་ཁྲིམས་འགལ་བྱ་སྤྱོད་ཞིག་ཡིན་པ་དང་། བྱ་སྤྱོད་དེར་ཉིན་བཅུ་དོ་དམ་གྱི་ཉེས་ཆད་གཏོང་དགོས་པའི་སྐོར་སོགས་ཀྱི་གནས་ཚུལ་བཀོད་སྤེལ་བྱས་འདུག

གསར་འགོད་པ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎