ཡར་རླུང་གཙང་པོའི་ཐོག་ཆུ་ཤུགས་གློག་འདོན་ཁང༌རྒྱབ་པ།

རྒྱ་ནག་གིས་བོད་ཀྱི་ཡར་རླུང་གཙང་པོའི་ཐོག་ཆུ་ཤུགས་གློག་འདོན་ཁང་གི་ལས་དྲའི་ཐོག་རྒྱ་གར་གྱིས་ཐུགས་འཚབ་གནང་གི་ཡོད་པ་རེད།

2010.11.16

༄༅༎ཕྱི་ཟླ་༡༡པའི་ཚེས་༨ནས་འགོ་བཙུགས་ཀྱིས་རྒྱ་ནག་གིས་བོད་ཀྱི་ཡར་རླུང་གཙང་པོའི་ཐོག་གློག་ཤུགས་མེ་ག་ལྦཏ་༥༡༠ཡོད་པའི་ཆུ་ཤུགས་གློག་འདོན་ཁང་གི་ལས་དྲའི་ཐོག་རྒྱ་གར་གྱིས་ཐུགས་འཚབ་གནང་གི་ཡོད་པ་རེད་འདུག། རྒྱ་ནག་གིས་ཆུ་ཤུགས་གློག་འདོན་ཁང་དེ་ ཡར་རླུང་གཙང་པོ་རྒྱུགས་ཡུལ་བོད་ཀྱི་ས་གནས་རྫང་མུར་རུ་རྒྱ་མིའི་སྒོར་མོ་ཐེར་འབུམ་བདུན་དང་ས་ཡ་དགུ་བརྒྱའི་སྔོན་རྩིས་ཐོག་ལས་ཀ་འགོ་བཙུགས་ཟིན་པ་དང་ཕྱི་ལོ་༢༠༡༤ལོར་ལས་མཇུག་བསྒྲིལ་རྒྱུའི་ཚོད་རྩིས་བྱས་ཡོད་པ་རེད་འདུག

ལོ་འདིའི་འགོ་སྟོད་དུ་རྒྱ་གར་གཞུང་གིས་ལས་གཞི་དེས་གཙང་པོ་རྒྱུགས་ཡུལ་ས་གནས་ཁག་ལ་ཤུགས་རྐྱེན་ཇི་ཡོང་གི་ཐུགས་ཚབས་ཡོད་ལུགས་གསུངས་དུས་རྒྱ་ནག་གིས་གློག་ཁང་གསར་རྒྱོབ་ཀྱིས་གཙང་པོ་རྒྱུགས་ཡུལ་ས་གནས་ཁག་ཏུ་ཤུགས་རྐྱེན་ཆུང་ངུ་ཙམ་ཡོང་གི་མེད་པའི་ལན་འདེབས་གནང་འདུག འོན་ཀྱང་རྒྱ་ནག་གིས་ལས་དྲ་དེ་གསང་རྒྱ་དམ་པོའི་ཐོག་ནས་འཆར་གཞི་བཀོད་དུས་རྒྱ་གར་གཞུང་ལ་ཐེ་ཚོམ་དང་ཐུགས་དོགས་ཆེན་པོ་ཡོང་བཞིན་ཡོད་པ་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎