བོད་དོན་རྒྱབ་སྐྱོར་བའི་གྲོས་མིའི་ལྷན་ཚོགས་ཕྱིར་འགྱངས།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བའི་གྲོས་ཚོགས་འཐུས་མིའི་ལྷན་ཚོགས་བསྐྱངས་འཆར་དེ་བཞིན་དུས་ཚོད་ངེས་མེད་བར་ཕྱིར་འགྱངས་གནང་ཡོད་འདུག
2008-09-24
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བའི་གྲོས་ཚོགས་འཐུས་མིའི་ལྷན་ཚོགས་བསྐྱངས་འཆར་དེ་བཞིན་དུས་ཚོད་ངེས་མེད་བར་ཕྱིར་འགྱངས་གནང་ཡོད་འདུག

འདི་ལོ་ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་དང༌ཉི་ཤུ་གཅིག་ཉིན་གཉིས་རིང་ཕེ་རན་སིའི་རྒྱལ་ས་པེ་རི་སིའི་ནང༌། རྒྱལ་སྤྱིའི་ནང་གི་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ཀྱི་ལྷན་ཚོགས་ཤིག་བསྐྱངས་གཏན་འཁེལ་ཡོད་ཀྱང་ ད་ཆ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་ཡུལ་གྲུ་ཁག་ལ་དུས་ཚོད་དེའི་ནང་ཆིབས་བསྒྱུར་བསྐྱངས་གནང་རྒྱུ་ཕྱིར་བཤོལ་གནང་ཡོད་པ་བཅས་ལ་བརྟེན་ལྷན་ཚོགས་དེ་ཡང་སྔོན་གཏན་འཁེལ་བའི་དུས་ཚོད་ནས་ཕྱིར་འགྱངས་གནང་རྒྱུ་ཡིན་། ད་རེས་ལྷན་ཚོགས་འདི་བཞིན་ཕྱིར་འགྱངས་གནང་དགོས་བྱུང་བ་དེའི་ཐོག་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོར་མཛད་དཀའ་བཟོས་པར་དགོངས་སེལ་ཞུ་རྒྱུ་ཡིན་ཞེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་གསར་འགོད་གསལ་བསྒྲགས་ནང་བཀོད་གནང་ཡོད་པ་རེད། སྔོན་འཆར་གྱི་ལྷན་ཚོགས་དེ་བཞིན་ཕྱིར་འགྱངས་གནང་ཡོད་ཀྱང་ད་ལྟའི་ཆར་དུས་ཚོད་ངེས་མེད་གསུངས་པ་ལས་དམིགས་བསལ་དུས་ཚོད་གཏན་འབེབས་གནང་མེད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།