རྒྱ་གར་རྒྱལ་ཡོངས་ཉིན་གྲངས་༢༡་རིང་ཡོངས་སུ་སྒོ་རྒྱབ་ནས་འགྲོ་བསྐྱོད་བཀག་སྡོམ།


2020-03-25
Share
རྡ་རམ་ས་ལའི་མེག་ལོར་སྲང་ལམ། ༢༠༢༠།༣།༢༥ རྡ་རམ་ས་ལའི་མེག་ལོར་སྲང་ལམ། ༢༠༢༠།༣།༢༥
RFA

རྒྱ་གར་ཧི་མ་ཅལ་མངའ་སྡེ་ནང་མི་གཅིག་ཀྱང་ཕྱི་ལ་ཐོན་མི་ཆོག་པའི་ཁྲིམས་གཞི་བསྡམས་ཡོད་པ་དང་ཏོག་དབྱིབས་ནད་རྟགས་ཡོད་པའི་བོད་མི་གཉིས་འདས་གྲོངས་སུ་ཕྱིན་འདུག
རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་སྔོན་འགོག་ཆེད་རྒྱ་གར་རྒྱལ་ཡོངས་ཉིན་གྲངས་༢༡་རིང་ཡོངས་སུ་སྒོ་རྒྱབ་ནས་འགྲོ་བསྐྱོད་བཀག་སྡོམ་བྱས་ཡོད་ཀྱང་དགོས་ངེས་བཟའ་ཆས་རིགས་ཀྱི་ཉོ་ཚོང་ལ་གུ་ཡངས་ཡོད་པ་རེད།
ཟླ་༣་ཚེས་༢༤་ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷི་(Modi)་མཆོག་གིས་རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་སྔོན་འགོག་ཆེད་དུ། རྒྱ་གར་རྒྱལ་ཡོངས་ཉིན་གྲངས་༢༡་རིང་སྒོ་རྒྱབ་ནས་འགྲོ་བསྐྱོད་ཡོངས་སུ་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་དང་། རྒྱ་གར་ཧི་མ་ཅལ་མངའ་སྡེ་ནང་མི་གཅིག་ཀྱང་ཕྱི་ལ་ཐོན་མི་ཆོག་པའི་ཁྲིམས་གཞི་བསྡམས་ཡོད་པ་རེད། ཡིན་ཡང་ཉིན་རེའི་དགོས་ངེས་ཀྱི་བཟའ་ཆས་རིགས་ཉོ་ཚོང་དང་། ཛ་དྲག་གནས་ཚུལ་ཆེད་ཉིན་ལྟར་ཞོགས་པའི་ཚོུད་༩་བ་ནས་༡༡་བར་འགྲོ་ཆོག་གི་ཡོད་ཀྱང་སྐབས་དེར་མི་རེའི་བར་རྒྱང་ཐག་མི་ཊར་གཅིག་འཇོག་དགོས་པ་དང་། དེ་ནས་འཕྲལ་དུ་ནང་ལ་ལོག་དགོས་ཀྱི་ཡོད་པ་རྡ་སའི་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་རྡ་རམ་སཱ་ལ་ས་གནས་འགོ་འཛིན་ལས་ཁང་དང་། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་གཉིས་ཟུང་འབྲེལ་ཐོག་ཛ་དྲག་སྤྱི་ཚོགས་ཞབས་ཞུའི་རུ་ཁག་ཞིག་བཙུགས་ཡོད་པའི་འབྲེལ་མཐུད་ཁ་པར་ཨང་གྲངས་༩༨༨༢༦༤༦༧༨༨་དང་། འཕྲོད་བསྟེན་དང་འབྲེལ་བདེ་ལེགས་སྨན་ཁང་གི་འབྲེལ་མཐུད་ཁ་པར་ཨང་གྲངས་༠༡༨༩༢༢༢༢༠༥༣་བཅས་ཡིན་པ་གསུངས་གནང་གི་འདུག
ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་གསར་བ་ཁྱབ་གདལ་ཆེ་བའི་སྐབས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རྒྱ་གར་རྡ་རམ་སཱ་ལར་གནས་སྡོད་བོད་མི་བགྲེས་སོང་ཞིག་དང་། དབྱིན་ཡུལ་དུ་གནས་སྡོད་བོད་མི་བགྲེས་སོང་ཞིག་བཅས་བོད་མི་གཉིས་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།