རྒྱ་ནག་གི་སློབ་ཕྲུག་ཚོར་ཨ་རིའི་ནང་ཚན་རིག་སློབ་སྦྱོང་བྱེད་རྒྱུ་བཀག་སྡོམ་བྱེད་དགོས།


2020.04.27
ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་(Tom Cotton)་ལགས། ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་(Tom Cotton)་ལགས།
བརྙན་ནས་བཤུས། foxnews

ཏོག་དབྱིབས་ནད་ཡམས་སྔོན་འགོག་དང་འབྲེལ་བའི་ཚན་རྩལ་རྐུ་འཁྱེར་གྱི་དོགས་པ་ཡོད་པས་རྒྱ་ནག་གི་སློབ་ཕྲུག་ཚོར་ཨ་རིའི་ནང་ཚན་རིག་སློབ་སྦྱོང་བྱེད་རྒྱུ་བཀག་སྡོམ་བྱེད་པ་ཨ རིའི་གྲོས་ཚོགས་འཐུས་མིས་གསུང་འདུག
རྒྱ་ནག་གཞུང་གིས་ཨ་རིིས་བཟོ བཞིན་པའི་ཏོག་བྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ་དང་ཚན་རྩལ་རྐུ་འཁྱེར་བྱེད་བའི་དོགས་པ་ཡོད་སྟབས། ཨ་རིའི་ནང་རྒྱ་ནག་གི་སློབ་ཕྲུག་ཚོས་ཚན་རིག་དང་བཟོ་ལས་འཕྲུལ་རིག་སློབ་གཉེར་བྱ་རྒྱུ་བཀག་སྡོམ་བྱེད་དགོས་པ་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་(Tom Cotton)་མཆོག་གིས་དགོངས་ཚུལ་བཏོན་འདུག
ཨ་རིའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཡིན་པ་གྲོས་ཚོགས་གོང་མའི་འཐུས་མི་(Tom Cotton)་ལགས་ཀྱིས། རྒྱ་ནག་ཝུའུ་ཧན་ནས་ཐོག་མར་བྱུང་བའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་དེང་སྐབས་འཛམ་གླིང་ཡོངས་སུ་ཁྱབ་གདལ་འགྲོ་བཞིན་པའི་སྐབས་འདིར། འཛམ་གླིང་ནང་རིན་ཐང་ཆེ་ཤོས་དེ་ནི་མཁས་པའི་གསར་གཏོད་བདག་རྫས་སམ་(intellectual property)་ཡིན་སྟབས། ཚན་རིག་པ་རྣམས་ཀྱིས་ཨ་རིའི་ཚན་རིག་དཔྱད་རྟག་ཁང་སོགས་ནང་ནད་ཡམས་སྔོན་འགོག་གི་སྨན་དང་ནད་བཅོས་བྱེད་ཐབས་ཀྱི་སྨན་བཟོ་རྒྱུའི་ཞིབ་འཇུག་མང་པོ་གནང་བཞིན་ཡོད་པ་དང་། མཐའ་མ་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ་བཟོ་ཐུབ་རྒྱུ་ཡིན་སྟབས། རྒྱ་ནག་གི་སོ་པ་ཚོས་ཏོག་དབྱིབས་ནད་ཡམས་དང་འབྲེལ་ཡོད་ཨ་རིའི་མཁས་པའི་གསར་གཏོད་བདག་རྫས་ཁག་རྐུ་མ་རྐུ་རྒྱུའི་དོགས་པ་ཕྲན་བུ་ཡོད་པས། རྒྱ་ནག་གི་སློབ་ཕྲུག་ཚོར་ཨ་རིའི་ནང་ཆེས་མཐོའི་ཚན་རིག་དང་བཟོ་ལས་འཕྲུལ་རིག་སྐོར་སློབ་སྦྱོང་བྱ་རྒྱུ་བཀག་འགོག་བྱེད་དགོས་སྐོར་ཕྱི་ཟླ་༤་ཚེས་༢༦་སྟེ་གཟའ་ཉི་མའི་ཉིན་བཅར་འདྲིའི་སྐབས་གསུང་འདུག
ད་དུང་ཁོང་གིས་ཨ་མི་རི་ཀའི་ཤེས་ཡོན་ལྟེ་གནས་ཁག་གིས་རྒྱ་ནག་དམར་ཤོག་ཚོགས་པས་བཏང་བའི་སློབ་ཕྲུག་རིག་པ་ཡག་ཤོས་ཚོར་ཤེས་ཡོན་སྤྲད་པའི་རྗེས་སུ། ཁོང་ཚོ་རྒྱ་ནག་ལ་ཕྱིར་ལོག་ནས་ཨ་རིིའི་མི་མང་གི་ལས་ཀ་རྐུས་པ་དང་། ཉེན་ཚབས་ཆེ་བའི་གོ་མཚོན་ལག་ཆ་གཙོས་པའི་ཡོ་ཆས་བཟོ་བསྐྲུན་བྱས་པ་དེ་དག་ཨ་རིའི་མི་མང་གི་ཁ་གཏད་ལ་བེད་སྤྱོད་གཏོང་སྲིད་པའི་ཉེན་ཁ་ཡོད་པ་དེ་ནི་རྙོག་གླེང་ཆེན་པོ་ཞིག་ཆགས་ཡོད་པ་དང་། རྒྱ་ནག་ནས་ཨ་རིའི་ནང་ཡོང་མཁན་སློབ་ཕྲུག་སྤྱི་དང་། ལྷག་དོན་དུ་ཆེས་མཐོའི་ཚན་རིག་དང་བཟོ་རྩལ་རིག་གནས་སྦྱང་མཁན་ཚོར་ཞིབ་འཇུག་ཡག་པོ་བྱེད་དགོས་སྐོར་སོགས་ཀྱང་གསུངས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎