ཉི་ཧོང་གི་སྲིད་བློན་མཆོག་གིས་རྒྱ་ནག་གི་སྲིད་འཛིན་མཉམ་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་འདུག

2019-06-28
གློག་འཕྲིན།
མཆན།
Share
པར་བཀོད།
ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་གཉིས་ཉི་ཧོང་དུ། ༢༠༡༩།༦།༢༨
ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་གཉིས་ཉི་ཧོང་དུ། ༢༠༡༩།༦།༢༨
AFP

ཉི་ཧོང་གི་སྲིད་བློན་མཆོག་གིས་རྒྱ་ནག་གི་སྲིད་འཛིན་མཉམ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཉེན་བརྡ་བཏང་གནང་བ་དང་ཧོང་ཀོང་ནང་ཟིང་ཆ་བྱུང་བ་ཁག་ལ་ཐུགས་ཚབ་ཡོད་པ་གླེང་འདུག
ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་འདི་ཚེས་༢༧་ཉིན་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀའི་(Osaka)ནང་མཇལ་འཕྲད་གནང་སྐབས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ཧོང་ཀོང་ནང་ཟིང་ཆ་བྱུང་བ་ཁག་ལ་ཐུགས་ཚབ་ཡོད་སྐོར་གླེང་སློང་གནང་འདུག
ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀ་(Osaka)འི་ནང་ཉིན་གྲངས་གཉིས་རིང་ཇཱི་༢༠ (G20)་ཞེས་དཔལ་འབྱོར་ཡར་ཐོན་ཅན་དང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པའི་ཚོགས་ཆེན་མ་འཚོགས་པའི་ཉིན་གཅིག་གི་གོང་སྟེ་གཟའ་ཕུར་བུའི་ཉིན། ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་རྣམ་གཉིས་མཇལ་འཕྲད་གནང་སྐབས། ཉི་ཧོང་གི་སྲིད་བློན་མཆོག་ནས་ཉེ་དུས་ཧོང་ཀོང་ས་གནས་མི་མང་ས་ཡ་མང་པོས་ས་གནས་དེའི་ནང་གི་དོགས་གཞི་ཡོད་པའི་མི་ནག་ཅན་པ་ཚོ་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་རྒྱ་ནག་ནང་ཁྲིམས་ཞིབ་བྱ་རྒྱུའི་ཁྲིམས་གཞིར་ངོ་རྒོལ་རྔམ་སྟོན་བྱས་པ་དེར་ཐུགས་འཚབ་ཡོད་སྐོར་གླེང་གནང་བ་མ་ཟད། མི་མང་གི་རང་དབང་དང་འགྲོ་བ་མིིའི་ཐོབ་ཐང་ཁྲིམས་ཀྱི་དབང་བསྒྱུར་གཙོས་པའི་འཛམ་གླིང་སྤྱི་ལ་ཁྱབ་པའི་རིན་ཐང་ཁག་འགན་ལེན་དགོས་པ་གལ་འགངས་ཆེན་པོ་ཡིན་སྐོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་དྲན་སྐུལ་གནང་འདུག
ཧོང་ཀོང་གི་ཡུལ་མི་ཧ་ཅང་གི་མང་པོས་ལས་འགུལ་སྤེལ་བ་དང་ཆབས་ཅིག ཧོང་ཀོང་ནང་ཡོད་པའི་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ཡན་ལག་ལས་ཁུངས་སུ་སོང་ནས། ཧོང་ཀོང་གཞུང་གི་དྭོགས་གཞི་ཅན་གྱི་ནག་ཅན་པ་རྣམས། རྒྱ ནག་ལ་རྩིས་སྤྲོད་བྱེད་དགོས་པའི་ཁྲིམས་གཞི་དེ་ཕྱིར་འཐེན་བྱེད་རྒྱུའི་ཐོག རྒྱབ་སྐྱོར་གནང་དགོས་པའི་འབོད་ཞུས་ཡོད་པ་རེད།
ཧོང་ཀོང་གི་ངོ་རྒོལ་བ་ཚོས། གྱོན་གོས་ནག་པོ་གྱོན་ནས་ངོ་རྒོལ་གྱི་གླུ་གཞས་བཏང་བ་དང་། ལག་ལ་ཧོང་ཀོང་བཅིངས་བཀྲོལ་གཏོང་དགོས་ཞེས་པའི་འཕྲད་དར་འཕྱར་ནས་འབྱོར་ལྡན་ཅན་གྱི་རྒྱལ་ཁབ་༢༠་ཡིས་ཁོང་ཚོའི་རང་དབང་ལ་སྲུང་སྐྱོབ་གནང་དགོས་པའི་འབོད་བསྐུལ་ཞུས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།