རྒྱ་ནག་གི་སྲིད་འཛིན་གྱི་གཏམ་བཤད་ལ་ཐེ་ཝན་ཕྱོགས་ནས་ལན་འདེབས།

2019-01-02
གློག་འཕྲིན།
མཆན།
Share
པར་བཀོད།
ཐེ་ཝན་གྱི་སྲིད་འཛིན་ཚེ་ཡེས་ཝིན་(Tsai Ing-wen) 2019/1/2
ཐེ་ཝན་གྱི་སྲིད་འཛིན་ཚེ་ཡེས་ཝིན་(Tsai Ing-wen) 2019/1/2
AP

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཧྥིང་གིས་ཐེ་ཝན་དེ་རྒྱ་ནག་བསྐྱར་དུ་ཆིག་སྒྲིལ་བཟོ་རྒྱུ་དེ་བཟློག་ཏུ་མེད་པ་ཞིག་རེད་ཅེས་བརྗོད་པར་ཐེ་ཝན་ཕྱོགས་ནས་ལན་འདེབས་བྱས་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཧྥིང་གིས་ཐེ་ཝན་དེ་རྒྱ་ནག་བསྐྱར་དུ་ཆིག་སྒྲིལ་བཟོ་རྒྱུ་དེ་བཟློག་ཏུ་མེད་པ་ཞིག་རེད་ཅེས་བརྗོད་པར་ཐེ་ཝན་གྱི་སྲིད་འཛིན་ཚེ་ཡེས་ཝིན་(Tsai Ing-wen)གྱིས་རྒྱ་ནག་སྐམ་ས་ཆེན་པོའི་ནང་མེད་པའི་དམངས་གཙོའི་རང་དབང་ཞིག་ཐེ་ཝན་མི་དམངས་ཀྱིས་ལོངས་སུ་སྤྱོད་བཞིན་པ་དེ་བློས་གཏོང་བྱེད་ཀྱི་མ་རེད་ཅེས་འཕྲལ་མར་ལན་འདེབས་བྱས་ཡོད་པ་རེད།
ཕྱི་ལོ་ ༡༩༧༩ ལོ་ནས་བཟུང་རྒྱ་ནག་གི་འགོ་ཁྲིད་རིམ་པས་ཐེ་ཝན་ཆིག་སྒྲིལ་དང་འབྲེལ་བའི་སྐོར་ལ་ལོ་ལྟར་གཏམ་བཤད་བྱེད་པའི་སྲོལ་རྒྱུན་ཞིག་འགོ་བཙུགས་བྱས་ཡོད་ཅིང་།  སྲོལ་རྒྱུན་དེ་དར་ནས་ད་ལོ་ལོ་ ༤༠ འཁོར་བའི་དུས་སྐབས་འདིར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཧྥིང་གིས་ཐེ་ཝན་དེ་རྒྱ་ནག་མཉམ་དུ་ཟླ་སྒྲིལ་བྱ་རྒྱུ་ནི་དུས་རབས་གསར་པ་འདིའི་ནང་ལའང་རྒྱ་ནག་མི་དམངས་ཀྱི་བཟློག་ཏུ་མེད་པའི་དགོས་མཁོ་ཞིག་ཡིན་ལུགས་དང་།  ཕྱིའི་སྟོབས་ཤུགས་ཀྱིས་ཐེ་ཇུས་འོག་ཐེ་ཝན་རང་བཙན་ཕྱོགས་སུ་བསྐྱོད་ཚེ་དེར་རྒྱ་ནག་གི་ངོས་ནས་ཐབས་ཤེས་དང་རྣམ་པ་གང་ཡང་རུང་བའི་ཐོག་ནས་མཐའ་གཅིག་ཏུ་འགོག་ཐབས་བྱ་རྒྱུ་ལས་རྒྱབ་བཤིག་བྱེད་རྒྱུ་མིན་པ་ཚིག་ཐག་ཆོད་པོས་བརྗོད་ཡོད་ལ།  ད་དུང་རྒྱ་ནག་གི་སྲིད་འཛིན་གྱིས་ཆིག་སྒྲིལ་དེ་ཡང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་སྒྲོམ་གཞི་འོག་ནས་འབྱུང་རྒྱུ་དང་། དེས་ཐེ་ཝན་མི་དམངས་ཀྱི་བདེ་སྡུག་དང་ཁེ་ཕན་སྲུང་སྐྱོབ་ཐུབ་ཀྱི་རེད་ཅེས་བརྗོད་ཡོད་ལ།  དྲག་པོའི་ཐབས་ལམ་གི་འདམ་ཁ་ཡང་དོར་རྒྱུ་མིན་པ་བརྗོད་ཡོད་པ་རེད།

གསར་འགོད་པ་ལྕགས་མོ་མཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།