ཡ་ཆེན་སྒར་གྱི་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཚོར་སྡུག་སྦྱོང་གཏོང་བཞིན་འདུག


2019.07.11
ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་། ༢༠༡༩ ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་། ༢༠༡༩
བོད་འབྱོར།

རྒྱ་ནག་གཞུང་གིས་ཡ་ཆེན་སྒར་གྱི་གྲྭ་ཤག་གཏོར་བཤིག་འགོ་ཚུགས་འདུག་ལ་ཕྱིར་འབུད་བྱས་པའི་གྲྭ་བཙུན་ཚོར་སྡུག་སྦྱོང་གཏོང་བཞིན་འདུག
རྒྱ་ནག་གཞུང་གིས་ཡ་ཆེན་སྒར་གྱི་གྲྭ་ཤག་མཉམ་སྦྱར་བྱས་བ་མི་ཉུང་བ་ཞིག་གཏོར་བཤིག་བཏང་ཡོད་འདུག་ལ། དེ་བཞིན་ཡ་ཆེན་སྒར་ནས་ཕྱིར་ཕུར་བཏང་བའི་འཇོ་མདའ་རྫོང་ཁོངས་ཀྱི་གྲྭ་བཙུན་རྣམས་ལ་ཆབ་སྲིད་སློབ་གསོ་སྤྲད་པའི་སྐབས་སུ་ཨ་ནེ་ཁག་གཅིག་ལ་ཉེས་རྡུང་བཏང་འདུག
བོད་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གནས་ཚུལ་མཁོ་སྤྲོད་བྱུང་བར་གཞིགས་ན། རྒྱ་ནག་གཞུང་གིས་ཡ་ཆེན་སྒར་ནས་གྲྭ་བཙུན་ཕྱིར་འབུད་ཀྱི་ལས་གཞི་ལག་བསྟར་རྗེས་མེ་གསོད་རུ་ཁག་གི་འགྲོ་ལམ་བཟོ་རྒྱུའི་འཆར་གཞིའི་འོག་གྲྭ་ཤག་མཉམ་སྦྱར་ཅན་དྲུག་བཅུ་ནས་བདུན་བཅུ་ཙམ་གཏོར་བཤིག་བཏང་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་རེད།
གཞན་ཡང་བཙན་བྱོལ་ནང་གི་གནས་ཚུལ་འབྱུང་ཁུངས་ཁུངས་ལྡན་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་པར་གཞིགས་ན། ཡ་ཆེན་སྒར་ནས་ཕྱིར་ཕུད་བཏང་བའི་འཇོ་མདའ་རྫོང་ཁོངས་ཀྱི་གྲྭ་བཙུན་རྣམས་འཛོ་མདའ་རྫོང་ཐོག་ཏུ་བཀག་ཉར་གྱིས་ཆབ་སྲིད་སློབ་གསོ་སྤྲོད་བཞིན་ཡོད་པ་དང་། གྲྭ་བཙུན་ཡོངས་རྫོགས་ལ་བཙན་དབང་གིས་སྐྱ་ཆས་གྱོན་བཅུག་ནས་ཉིན་ལྟར་ཞོགས་པ་དང་ཉིན་གུང་རྒྱ་ནག་གུང་ཁྲན་གཞུང་ལ་བསྟོད་པའི་གླུ་ལེན་པ་དང་བྲོ་འཁྲབ་པ་སོགས་བྱེད་བཅུག་གི་ཡོད་འདུག་ཅིང་། དགོང་མོ་དེ་སྔ་རྒྱ་ནག་དང་ཉི་ཧོང་བར་གྱི་དམག་འཁྲུག་སྐབས་རྒྱ་ནག་ལ་རྒྱལ་ཁ་ཐོབ་པའི་གློག་བརྙན་གྱི་རིགས་བལྟ་རུ་བཅུག་གི་ཡོད་འདུག
ཡང་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་དུ་གསུང་ན། དེ་ལྟར་མ་འདོད་བཞིན་དུ་གྲྭ་བཙུན་རྣམས་ལ་བཙན་གྱིས་སྐྱ་ཆས་གྱོན་བཅུག་པ་དང་རྒྱལ་ཞེན་གྱི་གླུ་ལེན་བྲོ་འཁྲབ་སོགས་བྱས་བཅུག་པའི་རྐྱེན་གྱིས་ཨ་ནེ་ཁག་གཅིག་སེམས་སྡུག་གིས་ངུས་སྟབས། དེ་ནི་རྒྱལ་ཁབ་ལ་ངོ་ལོག་བྱས་པ་རེད་ཟེར་ནས་བཅར་རྡུང་བཏང་པའི་གནས་ཚུལ་ཡང་བྱུང་འདུག
གོ་ཐོས་ལྟར་ན་བཀག་ཉར་བྱེད་པའི་འཇོ་མདའ་རྫོང་ཁོངས་ཀྱི་གྲྭ་བཙུན་བྱིངས་རྣམས་ཟླ་བ་དྲུག་གི་རིང་སློབ་གསོའི་ལས་འགུལ་སྤྲད་དེ་གློད་གྲོལ་གཏོང་རྒྱུ་ཡིན་འདུག་ན་ཡང་། ཨ་ནེ་དེ་དག་ལོ་གཅིག་དང་ཟླ་བ་ལྔ་རིང་བཅུག་རྒྱུ་ཡིན་ཟེར་ནས་འཇིག་སྐུལ་བྱས་ཡོད་འདུག
དེ་བཞིན་གྲ་བཙུན་གཞན་ཚོར་རང་གི་ཕ་མ་སྤུན་མཆེད་ཚོས་ཟ་མ་སྐྱེལ་བཅུག་གི་མེད་པ་མ་གཏོགས་གྱོན་ཆས་བརྗེ་ལེན་ཐེངས་རེ་སྤྲོད་མཆོག་གི་ཡོད་པ་དེ་ཡང་གོང་ཞུས་ཨ་ནེ་དེ་དག་ལ་སྤྲོད་མི་ཆོག་པ་བཟོས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གྲྭ་བཙུན་རྣམས་ལ་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་མེད་སོགས་ཀྱི་འདྲི་རྩད་དང་ཞིབ་བཤེར་ནན་མོ་བྱེད་ཀྱི་ཡོད་པ་བཙན་བྱོལ་དུ་ཡོད་པའི་གནས་ཚུལ་འབྱུང་ཁུངས་དེས་འདི་ག་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་གནང་ཡོད་པ་རེད།
བོད་ནས་གནས་ཚུལ་མཁོ་སྤྲོད་པ་དེས། དེ་སྔོན་གསེར་རྟ་བླ་རུང་སྒར་དང་ད་ཆ་ཡ་ཆེན་སྒར་སོགས་སུ་གཞུང་གིས་གྲྭ་བཙུན་ཚད་འཛིན་བྱེད་པ་ལ་སོགས་པའི་ལས་འགུལ་འདྲ་མིན་སྤེལ་བཞིན་པ་དེས་དགོན་སྡེ་ཕན་ཚུན་མཐུན་སྒྲིལ་ཆེ་རུ་འགྲོ་རྒྱུ་དང་། གཅིག་ཕན་གཅིག་རོགས་བྱ་རྒྱུ་ལ་སོགས་པ་གདུང་སེམས་མཉམ་སྐྱེའི་རྣམ་པ་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོང་གི་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎