༧སྐུའི་བླ་སྨན་པ་ཟུར་པ་སྨན་པ་ཡེ་ཤེས་དོན་ལྡན་ལགས་དགོངས་པ་རྫོགས་པ།

2019-11-26
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་གྱི་སྲིད་འཛིན་ཕོ་བྲང་དུ་སྐུའི་བླ་སྨན་ཟུར་པ་སྨན་པ་ཡེ་ཤེས་དོན་ལྡན་མཆོག་ལ་རྒྱ་གར་གྱི་མཐོ་གྲས་གཟེངས་རྟགས་པདྨ་ཤྲི་ཕུལ་བའི་སྐབས།
རྒྱ་གར་གྱི་སྲིད་འཛིན་ཕོ་བྲང་དུ་སྐུའི་བླ་སྨན་ཟུར་པ་སྨན་པ་ཡེ་ཤེས་དོན་ལྡན་མཆོག་ལ་རྒྱ་གར་གྱི་མཐོ་གྲས་གཟེངས་རྟགས་པདྨ་ཤྲི་ཕུལ་བའི་སྐབས།
AFP

དགུང་ལོ་༩༢ ལ་ཕེབས་པ་སྐུའི་བླ་སྨན་པ་ཟུར་པ་སྨན་པ་ཡེ་ཤེས་དོན་ལྡན་ལགས་ཕྱི་ལོ་༢༠༡༩ ཟླ་༡༡ ཚེས་༢༦ ཉིན་གྱི་སྔ་དྲོ་ཚོུད་༣ ཙམ་ལ་རྡ་རམ་ས་ལའི་བཞུགས་གནས་སུ་དགོངས་པ་རྫོགས་འདུག ཁོང་གི་དགེ་ཕྲུག་དང་རྒྱུན་དུ་ཕྱག་རོགས་ཞུ་མཁན་སྨན་པ་བློ་བཟང་བསྟན་འཛིན་ལགས་ཀྱི་གསུངས་ན།        བར་ལམ་ནས་ཨ་རི་དང་ཁེ་ཎ་ཊ་སོགས་སུ་ཕེབས་ནས་སྐུ་གཟུགས་ཡག་པོ་ཡོད་ཀྱང་། འདི་ཚེས་༢༦ཉིན་གྱི་ཞོགས་པ་ཚོུད་༢ ཡོལ་ཙམ་ལ་སྐུ་གཟུགས་བདེ་པོ་མིན་འདུག་གསུངས་ནས་དབུགས་རིང་འཐེན་གནང་ནས་དེ་རྗེས་ཚོུད་༣ ཙམ་ལ་དགོངས་པ་རྫོགས་ཡོད་པ་གསུངས་གནང་གི་འདུག

སྨན་རྩིས་ཁང་ནས་རྩིས་སྐོར་བའི་ནང་སྐུ་ཕུང་ཞུགས་འབུལ་འདི་ཚེས་༢༩ རེ་གཟའ་པ་སངས་ཉིན་གནང་གཏན་འཁེལ་ཡོད་པ་དང་། ད་རང་སྔ་དྲོ་བོད་ཀྱི་སྨན་རྩིས་ཁང་དུ་མྱ་ངན་མཆོད་འབུལ་སྨོན་ལམ་ཚོགས་གནང་ཡོད་པ་རེད།

སྨན་པ་ཡེ་ཤེས་དོན་ལྡན་ལགས་ཀྱིས་ ༡༩༩༠ལོར་ཨ་རིའི་ཝར་རྗི་ནི་ཡ་མཐོ་སློབ་ཏུ་བོད་སྨན་སློབ་ཁྲིད་དང་ཉམས་ཞིབ་ཀྱི་ཕྱག་ལས་གནང་། ༢༠༠༠ལོར་ཁེ་ལི་ཕོར་ནིཡ་ནང་ཕྱི་ལུགས་སྨན་པ་ལྷན་དུ་ནུ་མའི་འབྲས་ནད་སྐོར་ཉམས་ཞིབ་ཀྱིས་གྲུབ་འབྲས་ཡག་པོ་ཐོན་ཡོད་པ་འགྲེལ་བརྗོད་གནང་གི་འདུག

སྨན་པ་ཡེ་ཤེས་དོན་ལྡན་ལགས་དམ་པ་ཁོང་གིས་རང་རིགས་སྐྱ་སེར་གཙོས་པས་རྒྱ་གར་ནད་པ་དུ་མ་ཞིག་ལ་སྨན་བཅོས་ཕན་བརླབས་ཆེན་པོ་བྱུང་བའི་ངོས་འཛིན་ཆེད་༢༠༡༨ ལོར་རྒྱ་གར་དབུས་གཞུང་ནས་པདྨ་ཤྲི་གཟེངས་བསྟོད་རྟགས་མ་འབུལ་ཡོད་པ་རེད། དམ་པ་ཁོང་ཕྱི་ལོ་༡༩༢༧ ཟླ་བ་༥ཚེས་ ༡༥ ཉིན་བོད་ལྷོ་ཁ་ཁུལ་དུ་འཁྲུངས་ཤིང། དགུང་ལོ་༡༢ཐོག་ལྷ་ལྡན་སྨན་རྩིས་ཁང་དུ་འཛུལ་བཞུགས་ཀྱིས་༡༩༤༧ ལོར་བསླབ་པ་མཐར་སོན་རྗེས་ལྷོ་བྲག་ཁུལ་དུ་སྨན་པའི་ཕྱག་ལས་གནང་། ཕྱི་༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་ལྟར་རྡ་རམ་ས་ལར་སྨན་རྩིས་ཁང་ཐོག་མར་གསར་འཛུགས་ཀྱི་ཕྱག་ལས་ནང་ཐུགས་འགན་ཆེ་བཞེས་གནང་ཡོད་པ་དང་། ཕྱོ་ལོ་༡༩༦༠ནས་༡༩༨༠ བར་ཁྱོན་མི་ལོ་༢༠ རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུའི་བླ་སྨན་པའི་ཞབས་ཞུ་གནང་ཡོད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།