ཡོངས་འཛིན་ནང་ཏཱ་ལའི་བླ་མ་ཞེས་འཚོལ་ཐུབ་ཀྱི་མི་འདུག

2016-08-24
གློག་འཕྲིན།
མཆན།
Share
པར་བཀོད།
ཡོངས་འཛིན་བོད་ཡིག་གི་འཚོལ་བཤེར་མ་ལག ༢༠༡༦།༨།༢༤
ཡོངས་འཛིན་བོད་ཡིག་གི་འཚོལ་བཤེར་མ་ལག ༢༠༡༦།༨།༢༤
དྲ་བཤུས།

ཡོངས་འཛིན་བོད་ཡིག་གི་འཚོལ་བཤེར་མ་ལག་ནང་ཏཱ་ལའི་བླ་མ་ཞེས་༧གོང་ས་མཆོག་སྐུ་སྒེར་དྲ་བ་སོགས་འཚོལ་ཐུབ་ཀྱི་མི་འདུག
ཡོངས་འཛིན་ཞེས་པའི་བོད་ཡིག་གི་ཚིག་དོན་འཚོལ་བཤེར་མ་ལག་ཐོག་མ་དེའི་ནང་། བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་གྱི་དྲ་རྒྱ་མཇལ་རྒྱུ་མེད་པ་དེས་རྒྱ་ནག་གཞུང་གིས་འཚོལ་ཞིབ་དེའི་ཐོག་སྟངས་འཛིན་དོ་དམ་དང་ཞིབ་བཤེར་ནན་པོ་བྱེད་ཀྱི་ཡོད་པ་ཤེས་རྟོགས་ཐུབ་ཀྱི་ཡོད་སྐོར་དེ་རིང་Quartz་ཞེས་པས་གནས་ཚུལ་སྤེལ་འདུག  
རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་འདི་ཟླའི་ཚེས་༢༠་ཉིན་ཡོངས་འཛིན་ཞེས་པའི་བོད་ཡིག་གི་ཚིག་དོན་འཚོལ་བཤེར་མ་ལག་ཐོག་མ་དེ་འགོ་བཙུགས་བྱས་པ་དང་། དེ་ནི་གཙོ་བོ་རྒྱ་ནག་ནང་བོད་ཡིག་གི་དྲ་རྒྱ་ཆེ་ཁག་ཡོངས་རྫོགས་གཅིག་གྱུར་བཟོ་རྒྱུར་དམིགས་པའི་གནས་ཚུལ་སྤེལ་ཡོད་པ་རེད། བོད་ཡིག་ཐོག་ཡོངས་འཛིན་ཞེས་པའི་དོན་ནི་དགེ་རྒན་ནམ་དགེ་བའི་བཤེས་གཉེན་གྱི་དོན་ཡིན་ཞིང་། དེ་ནི་འཛམ་གླིང་ནང་བོད་ཡིག་ཐོག་ཚིག་དོན་འཚོལ་བཤེར་མ་ལག་ཐོག་མ་དེ་ཡིན་པ་དང་། བོད་ནང་གི་བོད་མི་ས་ཡ་བདུན་གྱིས་བེད་སྤྱོད་བྱ་རྒྱུ་དང་། རྒྱ་ཡིག་ཐོག་གི་ཚིག་དོན་འཚོལ་བཤེར་Baidu་དང་། Soguo་སོགས་ནང་བོད་ཡིག་ཐོག་གནས་ཚུལ་འཚོལ་ཞིབ་བྱེད་ཐུབ་ཀྱི་མེད་པ་དང་། ཡང་རྒྱ་ནག་ནང་གི་Google་ཡིས་བོད་དང་བོད་མིའི་གནས་ཚུལ་སྐོར་ལོ་ཤས་སྔོན་ནས་བཀག་འགོག་བྱས་ཡོད་པ་རེད།
ཡོངས་འཛིན་བོད་ཡིག་གི་ཚིག་དོན་འཚོལ་བཤེར་མ་ལག་གསར་བཟོའི་ལས་དོན་དེ་ནི་རྒྱ་ནག་གཞུང་གིས་འགྲོ་སོང་རྒྱ་སྒོར་ཡོན་ས་ཡ་༥༧་བཏང་སྟེ་ཕྱི་ལོ་༢༠༡༣་ལོར་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཁང་གིས་འགོ་བཙུགས་སྟབས། རྒྱ་གཞུང་གིས་འཚོལ་བཤེར་མ་ལག་དེ་རྒྱ་གཞུང་གི་དྲིལ་བསྒྲགས་དར་སྤེལ་གཏོང་རྒྱུའི་ལག་ཆ་ཞིག་ཏུ་བེད་སྤྱོད་གཏོང་འདོད་ཡོད་པ་རེད།  
Quartz གསར་ལས་ཁང་གིས་བོད་སྐད་ཤེས་མཁན་མང་པོ་ཞིག་ལ་འབྲེལ་བ་གནང་སྟེ་ཡོངས་འཛིན་ཞེས་པའི་འཚོལ་བཤེར་མ་ལག་ལ་ཚོད་བལྟ་བྱེད་དགོས་པའི་འབོད་སྐུལ་གནང་བར་དབྱིན་ཇིའི་རྒྱལ་ས་ལོན་ཊོན་ནང་གནས་བཞུགས་བདེ་ཆེན་སྤེན་པ་ལགས་ཀྱིས། བོད་རང་བཙན་སྐོར་འཚོལ་ཞིབ་གནང་སྐབས་Google་དང་མ་འདྲ་བར་བོད་དང་ཤིན་ཅིང་ཅང་གྱི་རང་བཙན་སྐོར་དང་། རྒྱ་ནག་གཞུང་གིས་ཁྲིམས་འགལ་དུ་བརྩི་བའི་རྩོམ་ཡིག་མང་པོ་མཐོང་རྒྱུ་ཡོད་རུང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་དྲ་རྒྱའམ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱ་འཚོལ་ཞིབ་ཞུ་དུས། ༧གོང་ས་མཆོག་གི་སྐུ་པར་གཅིག་རང་ལས་མཇལ་རྒྱུ་མེད་པ་དང་། Google་ནང་༧གོང་ས་མཆོག་གི་སྐུ་པར་ཧ་ཅང་མང་པོ་མཇལ་རྒྱུ་ཡོད་སྐོར་དང་། ཐ་ན་བོད་ཇ་ཞེས་པའི་ཚིག་ལ་ཞིབ་བཤེར་བྱས་ཏེ་བོད་ཇའི་སྐོར་འཚོལ་ཞིབ་བྱེད་སྐབས་རྒྱ་མིའི་དཔོན་རིགས་ཚོས་བོད་ཇ་མཐུང་བཞིན་པའི་འདྲ་པར་མ་གཏོགས་གནས་ཚུལ་ཐོན་གྱི་མེད་སྐོར་གསུངས་པ་ལུང་འདྲེན་གནང་འདུག།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།