བོད་ཀྱི་རྟ་རྒྱུག་དུས་སྟོན་རྒྱ་ནག་གི་དྲིལ་བསྒྲཊ་ལ་འགྱུར་བཞིན་པ།


2016.08.01
ཡུལ་ཤུལ་སྐྱེ་རྒུ་མདོའི་ལོ་འཁོར་རྟ་རྒྱུག་དུས་ཆེན་སྐབས། ༢༠༡༦།༧ ཡུལ་ཤུལ་སྐྱེ་རྒུ་མདོའི་ལོ་འཁོར་རྟ་རྒྱུག་དུས་ཆེན་སྐབས། ༢༠༡༦།༧
བོད་འབྱོར།

ཡུལ་ཤུལ་སྐྱེ་རྒུ་མདོ་རུ་བོད་མི་རྣམས་ཀྱི་ལོ་འཁོར་རྟ་རྒྱུག་དུས་ཆེན་སྐབས་རྒྱ་ནག་གི་དམག་མི་དང་ལས་བྱེད་ཚོས་ལྟ་སྲུང་ནན་མོ་བྱས་ཡོད་པ་རེད།
དེ་ཡང་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་ཡུལ་ཤུལ་སྐྱེ་རྒུ་མདོའི་ཁུལ་དུ་བོད་མི་རྣམས་ཀྱིས་ལོ་འཁོར་གྱི་རྟ་རྒྱུག་དུས་སྟོན་སྤེལ་སྐབས། AFP་གསར་ལས་ཁང་གི་གསར་འགོད་པ་ས་གནས་སུ་དངོས་སུ་ཕེབས་ནས་གནས་ཚུལ་སྤེལ་དོན་ལྟར་ན། རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་མཛད་སྒོའི་སྡིངས་ཆའི་ཕྱོགས་སུ་བོད་རིགས་བུད་མེད་རྣམས་ཀྱིས་བོད་ལུགས་ཀྱི་ཆས་གོས་ཟབ་སྤྲོས་ཅན་དང་། དགེ་འདུན་པ་རྣམས་ཀྱིས་གྲ་ཆས་དམར་པོ་གྱོན་ནས་བྱེད་སྒོའི་ནང་མཉམ་ཞུགས་སྐབས། སྒྲིག་ཆས་ལྗང་ཁུ་གྱོན་པའི་རྒྱ་ནག་གི་ཉེན་རྟོག་དམག་མིས་ལྟ་སྲུང་ནན་པོ་བྱེད་བཞིན་འདུག་ཅེས་དང་། རྒྱ་ནག་གི་དཔོན་རིགས་ཚོས་བོད་ཀྱི་རྟ་རྒྱུག་དུས་སྟོན་གྱི་བྱེད་སྒོ་དེ་བཞིན་ད་སྐབས་བོད་ཀྱི་གནས་སྟངས་ཡག་པོ་ཡོད་ཚུལ་ཕྱིར་དྲིལ་བསྒྲགས་ཀྱི་དམིཊ་ཡུལ་འཛིན་གྱི་ཡོད་པ་དང་། ས་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་གྱི་ལས་རིགས་དར་ཁྱབ་ཡོང་ཆེད་དུ་ཡིན་པ་གསར་འགོད་པས་ངོ་སྤྲོད་བྱས་འདུག
ཕྱི་ལོ་༢༠༠༨་ལོའི་བོད་མིའི་ངོ་རྒོལ་ལས་འགུལ་དང་དེ་ནས་ལོ་ངོ་གཉིས་ཀྱི་རྗེས་སུ་སྐྱེ་རྒུ་མདོའི་ས་འགུལ་གྱི་དོན་རྐྱེན་ནང་མི་གྲངས་༢༧༠༠་ཙམ་གྱི་ཚེ་སྲོག་ཤོར་བའི་གོད་ཆགས་ཀྱི་རྗེས་སུ། རྟ་རྒྱུགས་ཀྱི་དུས་སྟོན་ཚོགས་མེད་པ་རེད། ཕྱི་ལོ་༢༠༠༧་ལོའི་ཡོངས་སུ་གྲགས་པའི་ལི་ཐང་རྟ་རྒྱུགས་སྐབས་ལི་ཐང་རོང་རྒྱལ་ཨ་གྲགས་ཀྱིས་རྟ་རྒྱུགས་ཀྱི་སྒོ་འབྱེད་མཛད་སྒོའི་ཐོག་༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པའི་གཏམ་བཤད་བྱས་པའི་དོན་རྐྱེན་བྱུང་ཡོད་པ་རེད།    

གསར་འགོད་པ་ཀརྨ་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎