རྫ་དབོན་པོ་ཡུལ་ཚོའི་བོད་མི་བདུན་མུ་མཐུད་དུ་བཀག་ཉར་དང་ས་གནས་སུ་དམ་དྲག


2020.01.06
རྫ་ཆུ་ཁའི་དབོན་པོ་ཡུལ་ཚོའི་ཕྱོགས་སུ་རྒྱ་ནག་གི་དྲག་ཆས་དམག་མི་བསྐྱོད་བཞིན་པ། ༢༠༡༩།༡༡ རྫ་ཆུ་ཁའི་དབོན་པོ་ཡུལ་ཚོའི་ཕྱོགས་སུ་རྒྱ་ནག་གི་དྲག་ཆས་དམག་མི་བསྐྱོད་བཞིན་པ། ༢༠༡༩།༡༡
མཐུན་འགྱུར་པར། བྱམས་པ་ཡོན་ཏན།

རྫ་ཆུ་ཁའི་དབོན་པོ་ཡུལ་ཚོའི་བོད་མི་སྐྱ་སེར་བདུན་འཛིན་བཟུང་བྱས་བ་རྣམས་མུ་མཐུད་དུ་རྒྱ་ནག་གཞུང་གིས་བཀག་ཉར་དང་ས་གནས་སུ་དམ་དྲག་བྱེད་བཞིན་ཡོད་འདུག
དེ་ཡང་སྔ་ལོ་སྤྱི་ལོ་༢༠༡༩་ལོའི་ཟླ་༡༡་པའི་ནང་སྔ་ཕྱིར་རྒྱ་ནག་གི་ཉེན་རྟོག་པས་རྫ་ཆུ་ཁའི་དབོན་པོ་ཡུལ་ཚོའི་བོད་མི་སྐྱ་སེར་བདུན་འཛིན་བཟུང་བྱས་བ་རྣམས་མུ་མཐུད་དུ་རྒྱ་ནག་གཞུང་གིས་བཀག་ཉར་བྱས་བསྡད་ཡོད་ཐོག་དེང་སྐབས་ད་དུང་ཡང་ས་གནས་སུ་དམ་དྲག་བྱེད་བཞིན་ཡོད་པ། རྒྱ་གར་ལྷོ་ཕྱོགས་སུ་གནས་བཞུགས་དགེ་འདུན་པ་བྱམས་པ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
དེ་ནི་སྔ་ལོ་༢༠༡༩་ལོའི་ཟླ་༡༡་པའི་ཚེས་༧་ཉིན་གྱི་མཚན་མོར། རྫ་ཆུ་ཁའི་དབོན་པོ་དགོན་པའི་དགེ་འདུན་པ་ཀུན་གསལ་དང་། རྟ་མེ། བསོད་བཀྲ། ཚུལ་ཁྲིམས་བཅས་ཁྱོན་དགེ་འདུན་པ་བཞི་ཡིས་རྫ་དབོན་པོ་ཡུལ་ཚོའི་ས་གནས་རྒྱ་ནག་གཞུང་གི་སྲིད་གཞུང་ལས་ཁང་གི་ར་སྐོར་ནང་དུ། བོད་རང་བཙན་གྱི་ཡིག་ཆ་མང་པོ་གཏོར་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་མ་ཟད། དེའི་རྗེས་ས་གནས་སུ་དམ་དྲག་བྱེད་སྐབས་ཕྱི་ཚེས་༡༨་ཉིན་གྲྭ་ཉི་མེས་ལགས་ཀྱིས་དྲ་རྒྱའི་ནང་པར་དང་།  རྩོམ་ཡིག་སྤེལ་བ་བཅས་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས་པ་དང་། ཕྱི་ཚེས་༢༡་ཉིན་དབོན་པོ་སྡེ་པའི་ཡོན་ཏན་དང་། ཆོས་རྒྱལ་ཟེར་བའི་མི་སྐྱ་གཉིས་ཀྱིས་དབོན་པོ་ཡུལ་ཚོའི་ཉེན་རྟོག་ལས་ཁུངས་ཀྱི་མདུན་ནས་བོད་རང་བཙན་གྱི་ཡིག་ཆ་གཏོར་ཞོར་དུ་བོད་རང་བཙན་དགོས་པའི་སྐད་འབོད་བྱས་པར་བརྟེན་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་རྣམས་འཛིན་བཟུང་བྱས་ཡོད་པ་རེད།
གནས་ཚུལ་ངོ་སྤྲོད་པས་བརྗོད་ན། བོད་མི་དེ་དག་འཛིན་བཟུང་བྱས་རྗེས་རྒྱ་ནག་གི་ཉེན་རྟོག་པས་གནད་དོན་འདྲ་མིན་ཐོག་དོགས་གཞི་ཡོད་པའི་བོད་མི་སྐྱ་སེར་༣༠་བརྒལ་ཞིག་འཛིན་བཟུང་གིས་ཟླ་བ་གཅིག་ལྷག་གི་རིང་བཀག་ཉར་བྱས་ཡོད་པ་དང་། གཞན་དགེ་འདུན་པ་མང་པོ་ཞིག་ལ་བསམ་བློའི་སློབ་གསོའི་ལས་འགུལ་ཟླ་བ་ཕྱེད་ཀ་ལྷག་གི་རིང་སྤེལ་ནས་མང་ཚོགས་ནང་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་ལྷག་མི་ཆོག་པ་དང་། གལ་སྲིད་ལྷག་པ་ཡིན་ན་ཉེས་ཆད་ནན་མོ་གཅོད་རྒྱུའི་ཉེན་བརྡ་ཡང་བཏང་ཡོད་འདུག
ཡང་གནས་ཚུལ་ངོ་སྤྲོད་པས་བརྗོད་ན། ད་ལན་གྱི་དོན་རྐྱེན་དེ་ཚོ་ནི་རྒྱ་གཞུང་གིས་བོད་ནང་འབྲོག་པ་གྲོང་ཁྱེར་དུ་གནས་སྤོར་བྱེད་པའི་ལས་གཞི་དེ་ས་གནས་སུ་ལག་བསྟར་བྱེད་སྐབས། བོད་མི་ཚོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིག་བཤོམ་མི་ཆོག་པའི་བཙན་བཀའ་བཏང་བ་སོགས་བསུན་གཙེར་འདྲ་མིན་བྱས་པར་བརྟེན་ནས་དོན་རྐྱེན་དེ་དག་བྱུང་བ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎