༧གོང་ས་མཆོག་གིས་པཎ་ཆེན་སྐུ་ཕྲེང་༡༠ པའི་ཡང་སྲིད་ངོས་འཛིན་གསལ་བསྒྲགས་མཛད་ནས་ལོ་ངོ་༢༥ འཁོར་བ།


2020-05-12
Share
༧གོང་ས་མཆོག་གིས་པཎ་ཆེན་སྐུ་ཕྲེང་༡༠ པའི་ཡང་སྲིད་ངོས་འཛིན་གསལ་བསྒྲགས་མཛད་ནས་ལོ་ངོ་༢༥ འཁོར་བ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༠པའི་ཡང་སྲིད་དུ་ངོས་འཛིན་གསལ་བསྒྲགས་མཛད་ནས་བགྲང་བྱ་ ༢༥ འཁོར་བ།
ཐུབ་བསྟན༌ ཡར་འཕེལ།

༄༅༎གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ༢༠༢༠ ཕྱི་ཟླ་ ༥ ཚེས་ ༡༤ ཉིན་མོ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནག་ཆུ་ལྷ་རི་རྫོང་དུ་སྐུ་བལྟམས་པའི་ཁྱེའུ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༠པའི་ཡང་སྲིད་དུ་ངོས་འཛིན་གསལ་བསྒྲགས་མཛད་ནས་བགྲང་བྱ་ ༢༥ ཧྲིལ་པོ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཞིག་འཁེལ་བ་དང་བསྟུན།   ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༠ པ་ཆེན་པོ་དགོངས་པ་མྱ་ངན་ལས་འདས་ཚུལ་བསྟན་པའི་སྐབས་གཞིས་ཀྱི་གདན་ས་བཀྲིས་ལྷུན་པོ་དགོན་པར་དངོས་སུ་ཡོད་པ་ད་ཆ་བཙན་བྱོལ་ནང་གི་བྱེས་ཀྱི་གདན་སའི་པཎ་ཆེན་ཨིརྟིནི་ཞབས་ཞུ་བསྟི་གནས་ཁང་གི་འགན་འཛིན་གྱི་ཐུགས་འགན་བཞེས་བཞིན་པ་བློ་བཟང་རྡོ་རྗེ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་ཆུང་སྲིད་རིན་པོ་ཆེ་ངོས་འཛིན་མཛད་ཕྱོགས་བཅས་ཀྱི་ཐད་གླེང་མོལ་ཞུས་པར་གསན་རོགས་གནང་།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།