ཚོང་རྟགས་ཅན་གྱི་གྱོན་ཆས་རྫུན་མ་ཚོང་པའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག

2020-01-13
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་ཁང་བདག་ཁག་ཅིག་གིས་འགན་ལན་འོག་རེ་གཟའ་ཉིན་མིའི་ཉིན་བོད་མི་རྣམས་གློད་གྲོལ་ཐོབ་ཡོད་འདུག
རྒྱ་གར་ཁང་བདག་ཁག་ཅིག་གིས་འགན་ལན་འོག་རེ་གཟའ་ཉིན་མིའི་ཉིན་བོད་མི་རྣམས་གློད་གྲོལ་ཐོབ་ཡོད་འདུག
སྤྱི་ཚོགས་དྲ་ལམ།

ཕྱི་ལོ་༢༠༢༠ ཟླ་༡ ཚེས་༡༡ ཉིན་རྒྱ་གར་ནུབ་ཕྱོགས་གྷུ་ཇུ་རཏ་མངའ་སྡེའི་གྲོང་ཁྱེར་ཝ་དྷོ་རྡ་ར་ནང་དགུན་ཚོང་གཉེར་མཁན་བོད་མི་བརྒྱད་རྒྱ་གར་ཉན་རྟོགས་པས་ཚོང་རྟག་ཅན་གྱི་གྱོན་ཆས་རྫུས་མ་ཚོང་འགྱུར་བྱས་པའི་ངེས་མིང་འོག་འཛིན་བཟུང་བྱེད་ཡོད་པའི་སྐོར་ལ་ཞིབ་ཕྲའི་གནས་ཚུལ་ས་གནས་སུད་ཚོང་ཚོགས་པའི་འཐུས་མི་ཀརྨ་ལགས་ཀྱི་ངོ་སྤྲོད་གནང་བར་གཞིགས་ན་འདི་ཚེས་༡༡ ཉིན་ཚོང་རྟགས་ཅན་levis དང་ Superdry བཅས་ཀྱི་ངོ་ཚབ་ལས་བྱེད་ཁག་ཅིག་གིས་བོད་མིའི་ཁྲོམ་སའི་ནང་རྒྱ་གར་ཉན་རྟོགས་པ་འཕྲིད་ཡོང་ནས་མི་ཆ་བགོས་ཀྱིས་ཁྲོམས་ས་སྔོག་བཤེར་བྱས་ནས་ཚོང་རྟགས་ཅན་གྱི་གྱོན་ཆས་ཐོན་པའི་ཁྲོམ་སའི་བདག་པོ་ཚོང་མི་བརྒྱད་འཛིན་བཟུད་ཀྱིས་ཕྲིད་སོང་ཅེས་གསུངས་སོང༌། ཡང་ཁོང་གི་མུ་མཐུད་ནས་འགྲེལ་བརྗོད་གནང་གསལ་དུ་རྒྱ་གར་ཉེན་རྟོགས་པས་ཁྱེད་རང་ཚོས་མ་འོང་པར་འདི་ལྟར་མི་བྱུང་བའི་མཁས་ལན་བྱེད་ནས་ནང་འགྲིགས་བྱས་ན་ཡག་པོ་ཡོད་པའི་ཐབས་ལམ་བཏོན་ཡོད་ཀྱང་དེར་ངོ་ཚབ་མི་སྣ་ཚོས་ཉན་འཇོགས་མ་བྱས་པར་ཁྲིམས་གཏུགས་བྱེད་ཡོད་པ་རེད་འདུག  དེ་ནས་འཛིན་བཟུང་བྱས་པའི་ཚོང་མི་རྣམས་གློད་གྲོལ་ཡོང་ཆེད་དུ་ཁྲིམས་རྩོད་པ་བརྒྱུད་རྒྱ་གར་ཁང་བདག་ཁག་ཅིག་གིས་འགན་ལན་འོག་རེ་གཟའ་ཉིན་མིའི་ཉིན་གློད་གྲོལ་ཐོབ་ཡོད་སྐོར་བརྗོད་ཀྱི་འདུག དེ་བཞིན་ཁོང་གིས་གསུང་དོན་ལ་བོད་མི་ཚོང་པ་ཚོའི་བཅའ་དངོས་མང་ཆེ་བ་རྒྱ་གར་བྱང་ཕྱོགས་ལུ་རྡི་ཨ་ན་དང་ལྡི་ལི་ནས་ཉོས་ཀྱི་ཡོད་སྟབས་ཚོང་ཤག་ཚོས་ཚོང་རྟགས་རྫུས་མ་རྒྱབ་ཀྱི་ཡོད་སྟབས་བོད་ཚོས་བཟོས་པ་མིན་སྟབས་མ་འོངས་པར་ས་གནས་གཞན་ལའང་དཀའ་ངལ་འཕྲད་མ་སྲིད་པ་མ་ཡིན་ཐབས་ལམ་ཚོལ་དགོས་པ་གལ་ཆེ་ཡིན་པ་བརྗོད་ཀྱི་འདུག རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཙོ་ཆོས་རྒྱལ་མཚན་ལགས་ཀྱིས་མ་འོངས་པར་དཀའ་ངལ་འདི་རིགས་མ་འཕྲད་པའི་ཆེད་དུ་ཐབས་ལམ་འཚོལ་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག ད་ལྟའི་ཆར་འཛིན་བཟུང་བྱས་པའི་གྱོན་ཆས་མ་གནས་ཧིན་ཧོར་འབུམ་ལྔ་ཡས་མས་ཡོད་པ་དེ་དག་ཆ་ཚང་ཉེན་རྟོགས་ལས་ཁུངས་སུ་ཡོད་པ་དང། ཝ་དྷོ་རྡ་རའི་ནང་ཚོང་ལས་གཉེར་མཁན་ཁྲོམས་ས་༨༣ ཡོད་པ་ས་གནས་སུད་ཚོང་གི་འཐུས་མི་ཀརྨ་ལགས་ཀྱི་འགྲེལ་བརྗོད་གནང་གི་འདུག།

གསར་འགོད་པ་ཨོ་རྒྱན་བསྟན་འཛིན།

མཆན། (0)
Share
དྲ་གནས་ཆ་ཚང༌།