གདན་ས་ཁག་དང་ལ་དྭཊ་དད་ལྡན་པའི་དབར་འབྲེལ་མཐུད་འཕེལ་རྒྱས།

2024.02.24
གདན་ས་ཁག་དང་ལ་དྭཊ་དད་ལྡན་པའི་དབར་འབྲེལ་མཐུད་འཕེལ་རྒྱས། ༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་ལྷན་་དུ་མཛེས་ལྗོངས་ལ་དྭགས་ཨརྱན་ཡུལ་གྱི་ཡུལ་མི་དང་རྒྱན་ཆ། ༢༠༢༤།༢།༧
Photo:Ladakh Semkyed Tsokpa.

ལ་དྭགས་གཙོ་བོར་གྱུར་བའི་ཧི་མ་ལ་ཡའི་རི་བརྒྱུད་ནས་ནང་པའི་དད་ལྡན་པ་བརྒྱ་ཕྲག་མང་པོ་ཧི་མ་ལ་ཡའི་རི་བརྒྱུད་དུ་དགུན་དུས་གནམ་གཤིས་གྲང་ངར་ཆེ་བའི་དུས་སྐབས་སུ་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་གདན་ས་ཁག་ཏུ་བཅར་ནས་ཆོས་ཞུ་དང་གནས་མཇལ་སོགས་ཀྱི་དགེ་སྒྲུབ་ཀྱི་ལས་དོན་ལ་ཞུགས་ཡོད་ཅིང་། ལ་དྭགས་སེམས་བསྐྱེད་ཚོགས་པས་ཕྱི་ཟླ་ ༡ ཚེས་ ༢༥ ནས་ཕྱི་ཟླ་ ༢ ཚེས་ ༥ བར་གདན་སའི་བླ་མ་དང་དགེ་བཤེས་ཁག་གི་དྲུང་ནས་ནང་ཆོས་ངོ་སྤྲོད་དང་བཀའ་དབང་སོགས་གོ་སྒྲིག་གནང་ཡོད་པ་རེད། ལ་དྭགས་སེམས་བསྐྱེད་ཚོགས་པའི་འགན་འཁུར་བ་ཚུལ་ཁྲིམས་བཟང་པོ་ལགས་ཀྱིས། ད་རེས་ཀྱི་ཆོས་འབྲེལ་འདིའི་སྐབས་གདན་ས་ཁག་དང་ལ་དྭགས་མི་མང་སྤྱི་བྱིངས་ཀྱི་དབར་ལ་འབྲེལ་བ་མཐུད་པ་དང་བག་ཆགས་ཟབ་མོ་བཞག་པར་ཕན་ཐོགས་ཆེན་པོ་བྱུང་པ་གསུངས་ཀྱི་འདུག
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆར་རླུང་དྲག་པོ་བརྒྱབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎