དྲུག་པའི་ཚེས་བཞིའམ་ཆོས་འཁོར་དུས་ཆེན།

2021.07.13
དྲུག་པའི་ཚེས་བཞིའམ་ཆོས་འཁོར་དུས་ཆེན། གནས་མཆོག་ཝཱ་རཱ་ཎ་སཱི།
ཝི་ཀི་པི་ཌི་ཡ།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  བོད་ཟླ་ ༦ ཚེས་ ༤ ཉིན་མོ་འདི་བཞིན་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡུལ་ཝཱ་རཱ་ཎ་སཱིར་བདེན་བཞིའི་ཆོས་འཁོར་བསྐོར་བར་མཛད་པའི་དུས་ཆེན་ཁྱད་པར་ཅན་ཞིག་འཁེལ་གྱི་ཡོད་ཅིང་།  ཉིན་འདིར་བོད་ཕྱི་ནང་ཀུན་ལ་བོད་མི་ཚོས་ཕྱག་འཚལ་བསྐོར་སྦྱོང་དང་།  དགེ་སྒྲུབ་སྡིག་སྤོང་གི་ཉིན་མོ་གལ་ཆེར་ངོས་འཛིན་ཞུ་གི་ཡོད་པ་རེད།  གཤམ་ལ་ཨ་རིའི་ཁེ་ལི་ཕོར་ནི་ཡའི་སེན་ཕ་རེན་སིསྐོ་ཉེ་འདབས་སུ་ཡོད་པའི་སེར་བྱེས་ཆོས་ཚོགས་ཀྱི་རྒན་དགེ་བཤེས་བློ་བཟང་རྡོ་རྗེ་ལགས་སུ་ཉིན་མོ་འདིའི་གལ་གནད་དང་གནད་འགག་ཇི་ཡིན་སོགས་ཀྱི་ཐད་ལ་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་བཀའ་འདྲི་ཞུས་པར།  ཁོང་གིས་བདེན་བཞི་ཆོས་འཁོར་དང་ནང་ཆོས་དང་འབྲེལ་བའི་བཀའ་སློབ་ཁག་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལས་སློབ་སྦྱོང་མཐིལ་ཕྱིན་བྱེད་རྒྱུ་ཡོད་པ་འདིར་ཚང་མས་སློབ་གཉེར་གནང་རྒྱུ་གལ་ཆེ་ཡིན་པ་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎