འཛམ་གླིང་ནང་གཅིན་སྙིའི་ནད་གཞི་ཡོད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ།

2021-11-20
Share
འཛམ་གླིང་ནང་གཅིན་སྙིའི་ནད་གཞི་ཡོད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ། གཅིན་སྙིའི་ནད་གཞི་ཡོད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ།
པར་ཚགས།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་མོ་འདི་ནི་འཛམ་གླིང་ནང་གཅིན་སྙི་ཟ་ཁུའི་ནད་ཀྱི་གོ་རྟོགས་སྤེལ་བའི་ཉིན་མོར་གཏན་འབེབས་བྱས་ཏེ་ལོ་ངོ་ ༣༠ འཁོར་ཡོད་པ་དང་།  འཛམ་གླིང་ནང་ ༡༩༨༠ ལོར་གཅིན་སྙིའི་ནད་གཞི་ཡོད་མཁན་མི་གྲངས་ས་ཡ་ ༡༠༨ ནས་འདི་ལོ་ས་ཡ་ ༥༠༠ ཙམ་ལ་ཕར་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད།  ཕྱི་ལོ་ ༢༠༡༩ གྲངས་ཐོ་ལྟར་ན་གཅིན་སྙི་ནད་ཀྱིས་རྐྱེན་འདས་སུ་གྱུར་བ་ནི་རྐྱེན་ལམ་སོང་བའི་རྒྱུ་རྐྱེན་སྡུག་ཤོས་དགུ་པ་དེ་ཆགས་ཡོད་པ་རེད། གཤམ་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་གསོ་རིག་སྨན་པ་ད་ལྟ་ཨ་རིའི་ཝིསཀོན་སིན་མངའ་སྡེའི་མེ་ཌི་སན་གཙུག་ལག་སློབ་ཆེན་གྱི་ལས་བྱེད་བདག་གཉེར་ཚན་པའི་སྐད་ཡིག་དང་རིག་གཞུང་སྡེ་ཚན་ནང་ཕྱག་ལས་གནང་བཞིན་པ་གཡང་འབུམ་རྒྱལ་ལགས་དང་ལྷན་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།