ཝེ་སཀ་དུས་ཆེན་གསུམ་འཛོམས་སི་རི་ལངྐའི་ནང་ཚུགས་བཞིན་པ།
2017.05.13
༄༅། །ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་དུ། བརྗོད་གཞི་ཁག་མི་འདྲ་བ་གཉིས་ཀྱི་ཐོག་ལ་བགྲོ་གླེང་ཞུ་རྒྱུ་དང༌། བརྗོད་གཞི་དང་པོ་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲོས་ཆོད་གཏན་འབེབས་ལྟར། ལོ་ལྟར་རྒྱལ་སྤྱིའི་ཐོག་ནས་སངས་རྒྱས་བཅོམ་ལྡན་སྐུ་འཁྲུངས་པ་དང་། མངོན་པར་རྫོགས་པ་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་ ཝེ་སཀ་དུས་ཆེན་གསུམ་འཛོམས་འདི་བཞིན་འདི་ལོ་ སི་རི་ལངྐའི་རྒྱལ་ས་ཀོ་ལོམ་བོར་ཚུགས་བཞིན་ཡོད་པའི་སྐོར་དང་། བརྗོད་གཞི་གཉིས་པ་ནི། རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་རིང་མིན་ཁེ་ན་ཌར་ཞབས་སོར་འཁོད་རྒྱུའི་གནད་དོན་བཅས་ཀྱི་སྐོར། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་ཟུར་དགེ་བཤེས་བྱང་ཆུབ་ཆོས་ལྡན་ལགས་དང་། བླ་མ་བསྟན་འཛིན་གྲགས་པ་ལགས་སོ་སོ་དང་ལྷན་དུ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས་ལགས་ཀྱིས་གླེང་མོལ་གནང་བར་གསན་རོགས་ཞུ༎
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།