ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་ལོ་གཉིས་རིང་སློབ་གཉེར་གྱི་ཕན་ནུས།

2023.11.25
ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་ལོ་གཉིས་རིང་སློབ་གཉེར་གྱི་ཕན་ནུས།
བསྟན་འཛིན་རབ་དགའ།

ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སྒོམ་སྒྲུབ་ཚན་རིག་དང་སྙིང་རྗེ་གཞི་རྩར་བཟུང་བའི་ལྟེ་གནས་ཁང་འདི་དབུ་བརྙེས་ནས་འདི་ལོ་བགྲང་བྱ་ ༢༥ འཁོར་ཡོད་པ་དང་།   ཨེ་མོ་རི་མཐོ་སློབ་དང་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ཕན་ཚུན་དབར་མཚན་རྟགས་གནང་པའི་གྲོས་མཐུན་ཆོད་གན་འདི་ ༢༠༢༣ ལོར་མུ་མཐུད་བསྐྱར་འཇོག་གནང་ཡོད་པ་རེད།  དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོའི་མཚན་གནས་རྗེས་འབྲེལ་གྱི་སློབ་ཡོན་ (བསྟན་འཛིན་རྒྱ་མཚོའི་སློབ་ཡོན་) མཚན་ཐོག་ནས་གདན་ས་གྲྭ་ཚང་ཁག་ནས་དགེ་བཙུན་མང་དག་ཅིག་ལོ་གཉིས་རེའི་སློབ་གཉེར་ཆེད་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་ཆེན་དུ་སློབ་གཉེར་གནང་བཞིན་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ༢༠༢༣ ལོར་ལོ་གཉིས་ཀྱི་སློབ་གཉེར་གནང་ཟིན་པ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཚན་རིག་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་བསྟན་འཛིན་རབ་དགའ་ལགས་སུ་ཁོང་གི་མྱོང་བ་དང་འབྲེལ་ནས་སློབ་གཉེར་འདིའི་ཕན་ནུས་སོགས་ཀྱི་སྐོར་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ཤར་ཕྱོགས་ཁམས་སྡེ་དགེ་རྫོང་གི་དབོན་པོ་སྟོད་ཁུལ་དུ་བོད་མི་མང་པོ་འཛིན་བཟུང་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
སྤྱི་ཚོགས།
གདན་ས་ཁག་དང་ལ་དྭཊ་དད་ལྡན་པའི་དབར་འབྲེལ་མཐུད་འཕེལ་རྒྱས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎