དགའ་ལྡན་ཁྲི་པའི་བྱུང་རབས་དང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གལ་གནད།
༢༠༢༤ ཟླ་ ༡༡ ཚེས་ ༢༧ ཉིན་རི་བོ་དགེ་ལྡན་པའི་བསྟན་པའི་གཙུག་རྒྱན་དགའ་ལྡན་ཁྲི་པ་ ༡༠༤ པ་དང་གསར་དུ་བསྐོ་གཞག་མཛད་པའི་དགའ་ལྡན་ཁྲི་པ་ ༡༠༥ མཆོག་གི་འཕོ་འགྱུར་ཞུས་པའི་དུས་སྐབས་དང་བསྟུན། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཆགས་པའི་དགའ་ལྡན་ཁྲི་ཐོག་ཁང་དུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་སྐྱབས་རྗེ་དགའ་ལྡན་ཁྲི་པ་ ༡༠༤ རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགའ་ལྡན་ཁྲི་པའི་མཛད་ཁྱུར་ཟིན་བར་བཀའ་དྲིན་གཏང་རག་དང་འདི་ཚེས་ ༢༦ ཉིན་གསར་དུ་ཁྲི་འདོན་མངའ་གསོལ་ཞུས་བའི་༧སྐྱབས་རྗེ་དགའ་ལྡན་ཁྲི་པ་ ༡༠༥ རྗེ་བཙུན་བློ་བཟང་རྡོ་རྗེ་མཆོག་ལ་རྟེན་འབྲེལ་ཞུ་ཆེད་དགའ་ལྡན་ཁྲི་གདན་ཟུར་རྣམ་གཉིས་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་བཅས་དང་བསྟུན། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། དགའ་ལྡན་ཁྲི་པའི་བྱུང་རབས་དང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གལ་གནད་བཅས་ཀྱི་སྐོར་གདན་ས་ཆེན་པོ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་མཆོག་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུུག
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།