འབྲུག་ཡུལ་ནས་བྱེས་ཀྱི་གདན་ས་ཁག་ཏུ་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་གནང་པ།

2024.04.27
འབྲུག་ཡུལ་ནས་བྱེས་ཀྱི་གདན་ས་ཁག་ཏུ་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་གནང་པ།
མཁན་ཟུར་བློ་བཟང་རྒྱལ་མཚན། སློབ་དཔོན་རྡོ་རྗེ་རྒྱལ་མཚན། སློབ་དཔོན་འཇམ་དབྱངས་འཇམ་པ།

བྱེས་ཀྱི་གདན་ས་འབྲས་སྤུངས་དང་དགའ་ལྡན་དུ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཐུགས་འཁུར་རྐང་བཞེས་ཐོག་འབྲུག་ཆོས་ལྡན་རྒྱལ་ཁབ་ནས་འབྲུག་པ་བཀའ་བརྒྱུད་པའི་རིགས་གཅིག་རྐང་འཛིན་གྱི་སློབ་མ་ ༧ དང་དགེ་འདུན་པ་གཞན་ ༣ བཅས་ལ་འབུམ་རམས་པའི་ཚད་མཉམ་གྱི་ཟླ་དྲུག་རིང་གི་སློབ་དུས་སམ་ཐུན་མཚམས་ ༦ ཡོད་པའི་ནང་ནས་ཐུན་མཚམས་ ༤ པ་དེ་བསྐྱངས་ཏེ་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་ལེགས་པར་གྲུབ་ཡོད་པ་དང་།  འདིའི་ནང་མཉམ་ཞུགས་གནང་མཁན་སློབ་དཔོན་གཉིས་ཀྱིས་ཆོས་དང་ཚན་རིག་སོགས་གང་ཅིའི་ལེགས་སྐྱེས་བླངས་རྒྱུ་མང་པོ་བྱུང་ཞེས་གསུངས་བྱུང་།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་འབྲས་སྤུངས་སྒོ་མང་མཁན་ཟུར་བློ་བཟང་རྒྱལ་མཚན་རིན་པོ་ཆེ་མཆོག་དང་།  འབྲུག་ནས་ཕེབས་པའི་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་བ་སློབ་དཔོན་རྡོ་རྗེ་རྒྱལ་མཚན་ལགས་དང་།  སློབ་དཔོན་འཇམ་དབྱངས་བྱམས་པ་ལགས་བཅས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
སྤྱི་ཚོགས།
བོད་པའི་ཤེས་ལྡན་པ་གཞོན་སྐྱེས་མི་རབས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎