བོད་མིར་རྒྱ་གར་ཡུལ་མིའི་ཐོབ་ཐང་དང་བོད་ཀྱི་རྩ་དོན།

2016-08-17
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བོད་མི་༦༠༠ལྷག་གིས་འོས་ཤོག་བླུགས་ཡོད་པ།
རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བོད་མི་༦༠༠ལྷག་གིས་འོས་ཤོག་བླུགས་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང། བསོད་ནམས་དབང་འདུས།

༄༅།    །ཐེངས་འདིའི་ཁ་བའི་གྲོས་རྭ་ཞེས་པའི་ལེ་ཚན་ནང་རྒྱ་གར་ནང་སྐྱེས་པའི་བོད་མི་ཚང་མར་རྒྱ་གར་ཡུལ་མིའི་ཐོབ་ཐང་རག་ཐབས་སུ་མང་ཚོགས་ཆེད་རྒྱ་གར་གྱི་ལྡི་ལི་ཁྲིམས་ཁང་ནང་ཁ་མཆུ་ (Public Interest Litigation) ཞིག་བཙུགས་ཡོད་ལྟར།    དེས་མ་འོངས་པའི་བོད་མིའི་རྩ་དོན་དང་ངོ་བོ།    དེ་བཞིན་བོད་ཕྱི་ནང་གཉིས་སུ་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་ངེས་ཡིན་པའི་སྐོར་གླིང་རྒྱུ་ཡིན།    དེ་རིང་གི་སྐུ་མགྲོན་མང་ཚོགས་ཆེད་རྒྱ་གར་གྱི་ལྡི་ལི་ཁྲིམས་ཁང་ནང་ཁ་མཆུ་འཛུགས་མཁན་བློ་བཟང་དབང་རྒྱལ་ལགས་དང་།    JNUགཙུག་ལག་སློབ་གྲྭ་ཆེན་མོའི་ནང་འབུམ་རམ་པ་སློབ་གཉེར་གནང་བཞིན་པ་ཨུ་རྒྱན་ཆོས་གྲུབ་ལགས།    དེ་བཞིན་མཇུག་ཏུ་ཨ་རིའི་ནང་ཁྲིམས་ཀྱི་སློབ་གཉེར་གནང་བཞིན་པ་པ་སངས་ཚེ་རིང་ཁོང་གསུམ་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བགྲོ་གླེང་གནང་བ་ཞིག་གསན་རོགས་གནང་།


གསར་འགོད་པ་རྡོ་རྗེ་དགྲ་འདུལ།

མཆན། (0)
Share
དྲ་གནས་ཆ་ཚང༌།