འཇམ་དབྱངས་གླིང་བསོད་ནམས་ལགས་དང་བོད་ནང་གི་ཤེས་ཡོན།

2021.11.17
འཇམ་དབྱངས་གླིང་བསོད་ནམས་ལགས་དང་བོད་ནང་གི་ཤེས་ཡོན།
སྒྲིག་བཟོ།

ད་ཆ་དགོངས་གྲངས་༧༩ལ་ཕེབས་པའི་འཇམ་དབྱངས་གླིང་བསོད་ནམས་ལགས་ལྷ་ས་ཉེ་འཁོར་མལ་གྲོ་གུང་དཀར་རྫོང་དུ་འཁྲུངས་ཤིང་། ༡༩༥༩ལོར་བོད་ས་བཙན་འཛུལ་གྱི་རྗེས་སུ་རྒྱ་གར་ནང་སྐྱབས་བཅོལ་དུ་ཕེབས། ཕྱིས་སུ་ཁོང་ཡུ་རོབ་ཁུལ་སི་ཝིན་ཏྲིའི་ལུང་པ་ནང་གཞིས་འཁོད་པ་དང་།ཁོང་སྒེར་ལ་ཡིད་སྐྱོའི་གནས་ཚུལ་དང་ན་ཚ། ཕྱི་ནང་གི་དཀའ་ངལ་དུ་མ་ཕྲད་ཀྱང་སོ་སོས་ཞུམ་པ་མེད་པ་གདོང་ལེན་གྱིས་ཁོང་རང་ཉིད་བོད་པ་ཞིག་ཡིན་པ་ནམ་ཡང་མ་བརྗེད་པ་ཅེས་ཨ་མའི་བསླབ་བྱ་ཡིད་ལ་བཞག་ནས་གཞིས་ལུས་བོད་པའི་ཕྲུ་གུ་ཚོར་ཤེས་ཡོན་སློབ་གསོའི་ཐོག་རོགས་ཕན་གནང་རྒྱུའི་འདུན་པ་ཆེན་པོ་ཞིག་སྐྱེས་འདུག དེར་བརྟེན་ཁོང་གིས་སུ་ཏྲིའི་བོད་ཀྱི་རིག་གཞུང་དང་སློབ་གྲྭ་ཞེས་པའི་ཚོགས་པ་དེ་བཙུགས།༡༩༩༠ལོ་དཀྱིལ་ཙམ་ནས་འགོ་འཛུགས་ཀྱིས་བོད་མལ་གྲོ་གུང་དཀར་ས་གནས་ས་ཐོག་གི་རྒྱ་གཞུང་འབྲེལ་ཡོད་མི་སྣ་དང་མཉམ་ལས་ཀྱིས་བོད་ཀྱི་ས་ཁུལ་ཁག་ཏུ་སློབ་གྲྭ་དང་དཔེ་མཛོད་བཅས་བསྡོམས་པའི་བརྒྱ་དང་བརྒྱད་གསར་རྒྱག་གནང་ནས་བོད་པའི་ཕྲུ་གུ་ཚོས་ཤེས་ཡོན་ཐད་མི་དམན་པ་ལེགས་སྐྱེས་ཞུས་ཡོད་འདུག།

དེ་རིང་གི་ཁ་བའི་གྲོས་རྭ་ལེ་ཚན་ནང་འཇམ་དབྱངས་གླིང་བསོད་ནམས་ལགས་དང་ཁོང་གི་ལོ་རྒྱུས་དང་འབྲེལ་བའི་དེབ་གསར་པའི་བརྗོད་གཞི་དང་བོད་པའི་རོགས་ཚོགས་ཀྱིས་བོད་ནང་གི་ཤེས་ཡོན་ཐོག་ཕྱག་ལས་ཇི་ལྟར་གནང་བའི་བརྒྱུད་རིམ་སྐོར་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་བྱེད་པ་གསན་རོགས་ཞུ།

གསར་འགོད་པ། རྡོ་རྗེ་དགྲ་འདུལ

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎