༸གོང་ས་མཆོག་གི་གསུང་ཆོས་བརྙན་འཕྲིན་ཐད་གཏོང་།

2018-12-24
གློག་འཕྲིན།
མཆན།
Share
པར་བཀོད།
དོན་གྲུབ་གླིང་བོད་མིའི་གཞིས་སྒར་ནང་གི་མི་མང་སྤྱི་དང་ཕྱོགས་མཐའ་ཁག་ནས་གློ་བུར་དུ་ལྷགས་པ་རྣམས་ཀྱི་ཆེད་༸གོང་ས་མཆོག་གི་གསུང་ཆོས་བརྙན་འཕྲིན་ནང་ཐད་གཏོང་གི་ལས་གཞི་ཞིག་དབུ་འཛུགས་གནང་བ།
དོན་གྲུབ་གླིང་བོད་མིའི་གཞིས་སྒར་ནང་གི་མི་མང་སྤྱི་དང་ཕྱོགས་མཐའ་ཁག་ནས་གློ་བུར་དུ་ལྷགས་པ་རྣམས་ཀྱི་ཆེད་༸གོང་ས་མཆོག་གི་གསུང་ཆོས་བརྙན་འཕྲིན་ནང་ཐད་གཏོང་གི་ལས་གཞི་ཞིག་དབུ་འཛུགས་གནང་བ།
བློ་བཟང་།

༄༅༎དོན་གྲུབ་གླིང་གི་དྲུང་ཆེ་ཨོ་རྒྱན་འཇིགས་མེད་མཆོག་དོན་གྲུབ་གླིང་བོད་མིའི་གཞིས་སྒར་གྱི་དྲུང་ཆེའི་ཕྱག་ལས་གནང་བ་ནས་དགུན་ཚོང་གི་སྐབས་ཤུལ་དུ་ལུས་པའི་རྒན་རྒོན་ཚོ་དང་ལ་དྭགས་སྤྱི་ཏི་ཁུ་ནུ་སོགས་ནས་གློ་བུར་དུ་ལྷགས་པ་རྣམས་ཀྱི་ཆེད་དུ་༸གོང་ས་མཆོག་གི་གསུང་ཆོས་བརྙན་འཕྲིན་ནང་ཐད་གཏོང་གི་གོ་སྒྲིག་བྱེད་བཞིན་ཡོད་པ་ལྟར། འདི་ལོར་ཡང་འདི་ཟླ་བའི་ཚེས་༢༤ ཉིན་དོན་གྲུབ་གླིང་བོད་མིའི་ཚོགས་ཁང་ནང་དུ་བརྙན་འཕྲིན་བརྒྱུད་གསུང་ཆོས་ཐད་གཏོང་གི་ལས་གཞི་དངོས་སུ་དབུ་འཛུགས་གནང་འདུག

ལས་གཞི་འདི་འདྲ་ཞིག་སྤེལ་དགོས་པའི་དམིགས་ཡུལ་གང་ཡིན་མིན་ཐད་དོན་གྲུབ་གླིང་གི་དྲུང་ཆེ་ཨོ་རྒྱན་འཇིགས་མེད་ལགས་སུ་བཅར་འདྲི་ཞུ་སྐབས་ཁོང་ནས་སྤྱིར་སྟངས་གཞིས་སྒར་ནང་དུ་དགུན་ཚོང་གི་སྐབས་ཤུལ་དུ་ལུས་པའི་རྒན་རྒོན་མང་པོ་ཞིག་གི་སེམས་ནང་༸གོང་ས་མཆོག་གི་གསུང་ཆོས་ཤིག་ཐོབ་རེའི་འདུན་པ་ཆེན་པོ་ཞིག་བཅང་གིས་ཡོད་མོད། དཔལ་འབྱོར་དང་འཕྲོད་བསྟེན་ལྷག་པར་དུ་དུས་ཚོད་སོགས་ཀྱིས་རྡོ་རྗེ་གདན་དུ་དངོས་སུ་གསུང་ཆོས་ཞུ་སར་བཅར་ཐུབ་ཀྱི་མེད་པ་ཡིན་དུས། དེ་དག་གི་རེ་བ་སྐོང་ཆེད་གོ་སྒྲིག་འདི་འདྲ་ཞིག་ཞུས་པ་ཡིན་ཞེས་གསུང་སོང་།

གོ་སྒྲིག་འདི་འདྲ་བྱས་པ་བརྒྱུད་གཞིས་སྒར་ནང་གི་བོད་པ་ནང་ཁུལ་ཁ་ཡོད་ལག་ཡོད་ཀྱིས་འཆམ་མཐུན་ཡོང་ཐུབ་པ་དང་། ལྷག་པར་དུ་ཁུ་ནུ་དང་ལ་དྭགས་སོགས་ནས་ཕེབས་མཁན་མང་པོ་ཡོད་པས་དེ་དག་གི་སེམས་ནང་ནང་ཆོས་ཀྱི་གོ་རྟོགས་ཡག་རུ་གཏོང་ཐུབ་པ། ད་དུང་རྒན་རྒོན་མང་པོ་ཞིག་ཁྱིམ་ནང་གཅིག་པུར་ལུས་སྐབས་སེམས་སྦུག་དོག་པའི་ན་ཚ་མི་སླེབས་པའི་ངེས་པ་མེད་པས་འཕྲོད་བསྟེན་ལའང་ཕན་ཐོགས་ཆེན་པོ་ཞིག་ཡོང་གི་འདུག་ཅེས་གསུང་བ་སོགས་ཀྱི་སྐོར་ལྡེ་ར་ལྡུན་བདེ་སྐྱིད་གླིང་ནས་ཨེ་ཤེ་ཡི་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བློ་བཟང་ནས།།

མཆན། (0)
Share
དྲ་གནས་ཆ་ཚང༌།