ཕྱི་ནང་གི་ལྟ་སྒོམ་ཐོག་རྒྱལ་ཡོངས་འཕགས་བོད་མཁས་པའི་བགྲོ་གླེང་།

2019-07-15
གློག་འཕྲིན།
མཆན།
Share
པར་བཀོད།
ཝ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གྲྭའི་རྒྱ་གཞུང་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་བློ་བཟང་ཡར་འཕེལ་ལགས། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་པོ་བྱང་ཆུབ་སངས་རྒྱས་མཆོག་དང་།  དགའ་ལྡན་བྱང་རྩེ་གྲྭ་ཚང་གི་མཁན་པོ་བློ་བཟང་བསྟན་པ་མཆོག    དགའ་ལྡན་བྱང་རྩེ་དགེ་བཤེས་ལྷ་རམས་པ་བློ་གྲོས་བཟང་པོ་ལགས།

གོ་སྒྲིག་ཚོགས་ཆུང་།

ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  རི་བོ་དགེ་ལྡན་པའི་བསྟན་པ་གསོལ་གཏོད་མཛད་པོ་༧རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་དགོངས་པ་རྫོགས་པའི་ཚུལ་མཛད་དེ་བགྲང་བྱ་ ༦༠༠ འཁོར་བའི་ལོ་འཁོར་རྒྱལ་སྤྱིའི་རྗེས་དྲན་གྱི་ལས་རིམ་དང་།  སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞི་པ་སྟེ་རྒྱ་གར་ནང་གནའ་སྲོལ་གྱི་ཆོས་ལུགས་གོམ་སྲོལ་བསྐྱར་གསོ་གནང་རྒྱུའི་དགོངས་གཞི་བཅས་དང་མཐུན་པར།  ཕྱི་ཟླ་ ༧ ཚེས་ ༡༠ ནས་ཉིན་གྲངས་བཞིའི་རིང་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་དང་བྱང་རྩེ་གྲྭ་ཚང་གཉིས་ཀྱིས་གོ་སྒྲིག་འོག་ཕྱི་ནང་གི་ལྟ་སྒོམ་ཐོག་རྒྱལ་ཡོངས་འཕགས་བོད་མཁས་པའི་བགྲོ་གླེང་ཆེན་མོ་ཞེས་པ་ཚོགས་གནང་ཡོད་པ་ལྟར།  དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་པོ་བྱང་ཆུབ་སངས་རྒྱས་མཆོག་དང་།  དགའ་ལྡན་བྱང་རྩེ་གྲྭ་ཚང་གི་མཁན་པོ་བློ་བཟང་བསྟན་པ་མཆོག   ཝ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གྲྭའི་རྒྱ་གཞུང་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་བློ་བཟང་ཡར་འཕེལ་ལགས།  དགའ་ལྡན་བྱང་རྩེ་དགེ་བཤེས་ལྷ་རམས་པ་བློ་གྲོས་བཟང་པོ་ལགས་བཅས་དང་ལྷན་འདི་གའི་ལས་བྱེད་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།

མཆན། (0)
Share
དྲ་གནས་ཆ་ཚང༌།