བོད་ནམ་ཡང་མ་བརྗེད་ཅེས་པའི་གློག་བརྙན།
2022.04.01
༧གོང་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་ལྷག་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཞལ་གྱེས་ཏེ་རྒྱ་གར་ས་ཐོག་ཕེབས་འབྱོར་བྱུང་བའི་ལོ་རྒྱུས་གཞི་ལ་བཞག་པའི་དངོས་བྱུང་གློག་བརྙན་ Never Forget Tibet བོད་ནམ་ཡང་མ་བརྗེད་ཅེས་པའི་གློག་བརྙན་དེ་ཨ་མི་རི་ཀ་དང་ཁེ་ན་ཌའི་གློག་བརྙན་ཁང་བརྒྱད་རྒྱའི་ནང་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་གཟིགས་འབུལ་ཞུས་ཡོད་ཅིང་། གཟིགས་མོ་བ་ཚོས་གློག་བརྙན་འདི་བལྟས་རྗེས་རང་ཉིད་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་པའི་ཚོར་སྣང་དང་ཕན་སེམས་ཀྱི་ལས་དོན་ལ་ཞུགས་པའི་བློ་སྐྱེད་འཕེལ་བ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཆེད་གཏོང་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།