དབང་པོ་སྐྱོན་ཅན་ཚོ་ལ་ཐོབ་ཐང་གོང་མཐོར་ཡོང་ཐབས།


2016-02-24
Share
དབང་པོ་སྐྱོན་ཅན་ཚོ་ལ་ཐོབ་ཐང་གོང་མཐོར་ཡོང་ཐབས། ལས་འགུལ་སྤེལ་བཞིན་པར།
སྲིད་འཛིན་ཚང་བསྟན་འཛིན་བདེ་སྐྱིད།

༄༅།།ཉན་མཁན་རྣམ་པ་ཚོ་དེ་རིང་ང་ཚོ་ཁ་བའི་གྲོས་ར་ཞེས་པའི་ལེ་ཚན་ནང་། སྲིད་འཛིན་ཚང་བསྟན་འཛིན་བདེ་སྐྱིད་ལགས་དང་བསྟན་འཛིན་ཀུན་གསལ་ལགས་རྣམས་གཉིས་ཀྱིས་དབང་པོ་སྐྱོན་ཅན་ཚོ་ལ་ཐོབ་ཐང་གོང་མཐོར་ཡོང་ཐབས་ཞེས་བའི་ལས་འགུལ་ཞིག་སྤྱི་ལོ་༢༠༡༦་ལོའི་སྤྱི་ཟླ་༢་ཚེས་༢༡་ཉིན་། ཨ་རི་གྲོང་ཁྱེར་ཉིའུ་ཡོག་ནང་སྤེལ་ཡོད་པ་རེད། ལས་འགུལ་འདི་འདྲ་ཞིག་སྤེལ་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་། དེས་སྤྱི་ཚོགས་ལ་ཕན་ཐོགས།  དེ་བཞིན་གང་འདྲ་ཞིག་ལ་དབང་པོ་སྐྱོན་ཅན་ཟེར་གྱི་ཡོད་པ་སོགས་ཀྱི་སྐོར་ལས་འགུལ་དེའི་གཙོ་སྐྱོང་གནང་མཁན་དང་འཛམ་གླིང་སྒང་ལ་སྐད་གྲགས་ཡོད་པའི་ཧ་ཝུའུ་གྲེ་གཙུག་ལག་སློབ་གྲ་ཆེན་མོའི་ནས་སློབ་ཐོན་དང་ཨ་རིའི་ཕྱི་སྲིད་ལྷན་ཁང་ནང་ལ་ཕྱག་ལས་གནང་མྱོང་ཡོད་པའི་ན་གཞོན་ཤེས་ཡོན་ཅན་བསྟན་འཛིན་བདེ་སྐྱིད་ལགས་། དེ་ནས་དེ་རིང་ལས་འགུལ་གཙོ་སྐྱོང་གནང་མཁན་དང་ན་གཞོན་གཞས་པ་གྲགས་ཙན་བསྟན་འཛིན་ཀུན་གསལ་ལགས་། དེ་ནས་། དེ་སྔོན་ཨ་རིའི་སྐད་གྲགས་ཆེ་པའི་ཁེག་ལེན་པེ་ཡ་གཙུག་ལགས་སློབ་གྲ་ཆེན་མོའི་ནང་ལ་ལོ་ངོ་༡༥་ལྷག་རིང་ལ་བོད་ཀྱི་རིག་གནས་དགེ་རྒན་གནང་མཁན་དང་དེང་སང་སློབ་དེབ་སོགས་ཀྱི་རྩོམ་སྒྲིག་གནང་མཁན་དགེ་རྒན་ཆེན་མོ་བསྟན་འཛིན་ལགས་། དེ་ནས་ནུའུ་ཡོག་དང་ནུའུ་ཇེ་སེ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དགེ་བསོད་ནམས་རྒྱལ་མཚོགས་ལ་བཅས་ལ་བཅའ་འདྲི་ཞུས་ནས་རྣམ་པ་ཚོར་ཞུ་ཀྱི་ཡིན།

༄༅།།བུད་མེད་ཀྱི་ལེ་ཚན་ནང་ཨ་རིའི་ནང་གཏན་ཞུགས་གནང་མཁན་བོད་པའི་གཞོན་སྐྱེས་བུད་མེད་གཉིས་ཀྱིས་རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་ནང་ཡོད་པའི་མངོན་དགའ་དབང་པོ་སྐྱོན་ཅན་གྱི་སློབ་གྲར་རོགས་རམ་གནང་ཕྱོགས་གནང་འབྲེལ་བའི་སྐོར་དབྱངས་སྒྲོལ་ལགས་ཀྱིས་གནས་ཚུལ་ཞུས་པ།

གསར་འགོད་པ་བློ་བཟང་ཆོས་འཕེལ། གསར་འགོད་པ་དབྱངས་སྒྲོལ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།