ནང་ཆོས་སློབ་གཉེར་དང་མཉམ་ཚན་རིག་མཉམ་སྦྲེལ་གྱི་སློབ་སྦྱོང་།

2021-02-27
Share
ནང་ཆོས་སློབ་གཉེར་དང་མཉམ་ཚན་རིག་མཉམ་སྦྲེལ་གྱི་སློབ་སྦྱོང་། བོད་མིའི་སྤྱི་ཚོགས་ཁྲོད་དུ་ཚན་རིག་པ་གསོ་སྐྱོང་གནང་ཕྱོགས་ཐོག་གླེང་བ།
བོད་ཀྱི་ཚན་རིག་མཐུན་ཚོགས།

༄༅།།ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་བོད་མིའི་སྤྱི་ཚོགས་ཁྲོད་དུ་ནང་ཆོས་སློབ་གཉེར་དང་མཉམ་ཚན་རིག་མཉམ་སྦྲེལ་གྱི་སློབ་སྦྱོང་གནང་རྒྱུའི་ཐོག་ལ་ཐུགས་སྣང་གནང་དགོས་པ་གལ་ཆེ་ཡིན་པ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་རྗེས་ལམ་སྟོན་གནང་དང་གནང་མུས་ཡིན་པ་ལྟར། ཚན་རིག་སློབ་ཚབ་ལ་ཞུགས་མཁན་དང་སློབ་གཉེར་བ། འཛམ་གླིང་གང་སར་བོད་མི་ཚན་རིག་གི་སྡེ་ཚན་བྱེ་བྲག་པ་ཁག་སོ་སོའི་ཐོག་ལ་རིགས་གཅིག་རྐང་འཛིན་བྱེད་པོ་ཇེ་མང་འགྲོ་བཞིན་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་ཀྱི་ཚན་རིག་མཐུན་ཚོགས་ཀྱི་ཚོགས་མི་འབུམ་རམས་པ་བསྟན་འཛིན་པ་སངས་ལགས་དང་ལྷན་བོད་མིའི་སྤྱི་ཚོགས་ཁྲོད་དུ་ཚན་རིག་པ་གསོ་སྐྱོང་གནང་ཕྱོགས་ཐད་འདས་ད་ལྟ་མ་འོངས་བཅས་ཀྱི་གནས་སྟངས་ཐོག་ནས་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་ཞིག་གསན་རོགས་ཞུ།

གསར་འགོད་པ་བཀྲ་ཤིས་དབང་ཕྱུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།