བོད་ཀྱི་ཁྲོམ་རྭ་ཞེས་པའི་དྲྭ་ལམ་ཚོང་ལས་ཁང་།
2024.12.03
བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་བྱ་གཞག་ཅེས་པའི་ལེ་ཚན་ནང་། རྒྱ་གར་ནང་ཡོད་པའི་བོད་མིའི་ལག་ཤེས་བཟོ་ཚོང་ཁང་ཆུང་ཁག་གི་ཐོན་སྐྱེད་རྣམས་རྒྱལ་སྤྱིའི་ཁྲོམ་རྭའི་ནང་ཚོང་ཐུབ་ཐབས་སུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱིས་བོད་ཀྱི་ཁྲོམ་རྭ་ཞེས་པའི་དྲྭ་ལམ་ཚོང་ལས་ཁང་ཞིག་གསར་འཛུགས་གནང་བ་དེས་བོད་མི་ཚོང་པ་མང་པོ་ཞིག་ལ་ཕན་ཐོག་ཆེན་པོ་ཡོང་བཞིན་འདུག་པ་འདི་ཐད་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་བཀྲིས་དབང་འདུད་ལགས་སུ་ཚེ་དབང་དངོས་གྲུབ་ལགས་ཀྱིས་གནས་འདྲི་ཞུས་ནས་ཕྱོགས་སྒྲིགས་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།