སི་ཡ་ཊལ་བོད་ཀྱི་དུས་སྟོན་ཐེངས་ ༢༥ པ།

2020-08-25
གློག་འཕྲིན།
མཆན།
Share
པར་བཀོད།
སི་ཡ་ཊལ་བོད་ཀྱི་དུས་སྟོན་ཐེངས་ ༢༥ པ།
སི་ཡ་ཊལ་བོད་ཀྱི་དུས་སྟོན་ཐེངས་ ༢༥ པ།
དུས་སྟོན་གོ་སྒྲིག་ཚོགས་ཆུང་།

ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ཨ་རིའི་ནུབ་ཕྱོགས་ཝ་ཤིང་ཊན་མངའ་སྡེའི་སི་ཡ་ཊལ་གྲོང་ཁྱེར་བོད་རིགས་སྤྱི་མཐུན་ཚོགས་པས་བོད་ཀྱི་དུས་སྟོན་ཐེངས་ ༢༥ པ་འདི་བཞིན་ ༢༠༢༠ ཟླ་ ༨ ཚེས་ ༢༢ ནས་ ༢༣ བར་དྲ་ལམ་ཐོག་རྒྱང་བསྲིངས་ཞུས་ཏེ།  བོད་ཀྱི་རིག་གཞུང་གི་ཆས་གོས་དང་འདི་ལོ་དམིགས་བཀར་བོད་མིའི་བག་སྟོན་གྱི་གྱོན་གོས་ངོ་སྤྲོད་ཞུ་རྒྱུར་འབད་བརྩོན་གནང་ཡོད་པ་མ་ཟད།   ལོ་ལྟར་ཕྱི་རྒྱལ་བར་གཙོ་བོ་དམིགས་ནས་བོད་དོན་ངོ་སྤྲོད་ཀྱི་ལས་འགུལ་ཞིག་ཏུ་དམིགས་བཅངས་བྱེད་ཀྱི་ཡོད་ཀྱང་།  འདི་ལོ་ཀོ་ཝིཌ་ ༡༩ ཏོག་དབྱིབས་ནད་ཡམས་ཀྱི་ཁྱིམ་སྡོད་ཀྱི་དུས་འདིར་བོད་མི་གཞོན་སྐྱེས་ཚོར་གཙོ་བོ་དམིགས་ཡུལ་བཟུང་ཡོད་པ་རེད།   གཤམ་ལ་དུས་སྟོན་འདི་དང་འབྲེལ་བའི་འགན་འཁུར་བ་བསྟན་འཛིན་སྟོབས་ཆེན་ལགས་དང་།  གདོང་ཐོག་སྐལ་བཟང་ལགས་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།

མཆན། (0)
Share
དྲ་གནས་ཆ་ཚང༌།