རིམས་སྲུང་རིལ་བུ་འགྲོ་རྒྱུགས་ཆེན་པོ་ཡོད་པ།

2020-01-30
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་ཝུ་ཧན་ལ་ཏོག་དབྱིབས་ནད་དུག་གི་གློ་ཚད་འགོས་ནད་ཐོན་པ་འདིའི་སྔོན་འགོག་ཆེད་དུ་སྨན་རྩིས་ཁང་གི་རིམས་སྲུང་རིལ་བུ་དེ་བཙན་བྱོལ་ནང་འགྲོ་རྒྱུགས་ཆེན་པོ་བྱུང་ཡོད་གནས་ཚུལ།
རྒྱ་ནག་ཝུ་ཧན་ལ་ཏོག་དབྱིབས་ནད་དུག་གི་གློ་ཚད་འགོས་ནད་ཐོན་པ་འདིའི་སྔོན་འགོག་ཆེད་དུ་སྨན་རྩིས་ཁང་གི་རིམས་སྲུང་རིལ་བུ་དེ་བཙན་བྱོལ་ནང་འགྲོ་རྒྱུགས་ཆེན་པོ་བྱུང་ཡོད་གནས་ཚུལ།
དཔལ་སྤུངས་རིག་གནས་མཐོ་སློབ་དོན་གཉིས་ནོར་བུའི་དགའ་ཚལ།

༄༅༎ཉེ་ལམ་རྒྱ་ནག་ཝུ་ཧན་ལ་ཏོག་དབྱིབས་ནད་དུག་གི་གློ་ཚད་འགོས་ནད་ཐོན་པ་འདིའི་སྔོན་འགོག་ཆེད་དུ་སྨན་རྩིས་ཁང་གི་རིམས་སྲུང་རིལ་བུ་དེ་བཙན་བྱོལ་ནང་འགྲོ་རྒྱུགས་ཆེན་པོ་བྱུང་ཡོད་འདུག ཉེ་ལམ་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནང་ཏོག་དབྱིབས་ནད་དུག་གི་གློ་ཚད་འགོས་ནད་གསར་པ་ཉན་ཚབ་ཅན་ཞིག་ཐོན་ཏེ་རིམས་བཞིན་རྒྱལ་ཁག་ཅིག་ནང་འཕེལ་ཏེ་ཛ་དྲགས་འགྱུར་བཞིན་པའི་སྐབས་འདིར་བོད་ཀྱི་སྨན་རྩིས་ཁང་ནས་རིམས་ནད་སྔོན་འགོག་ཆེད་དུ་བཟོས་པའི་རམ་སྲུང་རིལ་བུ་དེ་རྒྱ་གར་ལྷོ་ཕྱོགས་གཙོ་བོར་འགྱུར་བའི་བོད་མིའི་འདུས་སྡོད་ས་གནས་སྨན་རྩིས་ཁང་ཁག་གི་ནང་རྫོགས་ཟིན་ཡོད་འདུག གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་བོད་མི་ཚོས་རིམས་སྲུང་རིལ་བུ་འདི་བཙན་བྱོལ་ནང་དུ་སྔོན་འགོག་ཆེད་དུ་བེད་སྤྱོད་བྱེད་པ་ཙམ་དུ་མ་ཟད་བོད་ནང་རང་གི་ཕ་མ་སྤུན་ཆེད་སོགས་ལའང་བཏོང་གི་ཡོད་ཚུལ་འདུག བཞུགས་སྒར་རྡ་རམ་ས་ལར་རྟན་གཞིན་བྱས་པའི་བོད་ཀྱི་སྨན་རྩིས་ཁང་གི་སྨན་སྦྱོར་འགན་འཛིན་སྨན་པ་འཇམ་དབྱངས་བཀྲ་ཤིས་ལགས་ཀྱི་འབྲེལ་བརྗོད་གནང་བར་གཞིགས་ན་སྨན་རྩིས་ཁང་ནས་རིམས་ནད་སྔོན་འགོག་ཆེད་དུ་རིམས་སྲུང་རིལ་བུ་དང་གཞན་ཡང་ནད་འགོག་བདུད་རྩའི་ཐིགས་པ་སོགས་ཡོད་པ་གསུངས་གནང་གི་འདུག སྤྱིར་བཏང་དུག་སྲུང་ཡག་ཆེད་དུ་སྨན་རང་ནི་རིན་ཆེན་མང་སྦྱོར་དང་རིན་ཆེན་དྲང་སྦྱོར་། སྤང་རྩི་བཅུ་གཉིས་། རྟ་གཟི་དམར་པོ་། འཕྲུལ་ཐང་སོགས་ཡོད་པ་དང། གཞང་ཡང་བོད་ལུག་ལྟར་སྐྱེ་ལ་བརྟག་ཆེད་བརྔགས་རྫས་སླུག་པའི་སྲུང་བ་ཡོད་པ་དང་། རིམས་སྲུང་རིལ་བུ་དེ་སྐྱེད་ལ་བཏག་ནས་སྐབས་རེ་དྲི་སྣུམ་པ་མ་གཏོགས་ཁ་ལ་ཟ་མ་རུང་བ་དང། ནད་འགོག་བདུད་རྩའི་ཐིག་པ་དེ་ཡང་སྣ་འོག་བྱུག་ནས་དྲི་སྣུམ་པ་ཡིན་ན་ཕན་ཐོག་ཡོད་པ་འགྲེལ་བརྗོད་གནང་གི་འདུག རིམས་སྲུང་རིལ་བུ་དང་ནད་འགོག་བདུད་རྩི་ཐིག་པའི་ནང་སྨན་རྒྱུ་རྩ་ཆེའི་ཁག་ཅིག་བེད་སྤྱོད་གནང་གི་ཡོད་པ་དང་། རམ་ནད་སྐབས་མི་ཚོགས་མང་པོའི་ནང་འགོ་སྐབས་ཁ་བཀག་ནས་འགྲོ་ཡག་དང་། ལག་པ་གཙང་མ་བཟོ་དགོས་པ་། ཁ་ལག་དུས་ཐོག་ཟ་དགོས་སོགས་། སེམས་མངང་ཚབ་མ་བྱེད་སོགས་ཀྱང་སྔོན་འགོག་གི་ཐབས་ལམ་གལ་ཆེ་ཡིན་པ་འགྲེལ་བརྗོད་གནང་གི་འདུག  སྨན་སྦྱོར་འགན་འཛིན་མཆོག་གིས་ད་ལྟའི་ཛ་དྲག་གནས་སྟངས་ཀྱི་སྐབས་འདིར་རྩ་བའི་ཡན་ཡག་སྨན་ཁང་ཁག་ལ་རིམས་སྲུང་རིལ་བུ་མང་པོ་བཏང་ཟིན་ཡོད་ཀྱང་ད་དུ་ཉིན་ཤས་ནང་རིལ་བུ་འབུམ་ཕྲག་འགའ་ཤས་བཟོས་ཏེ་མང་ཚོགས་ནང་གང་མང་བགོ་འགྲེམས་ཐུབ་པའི་འབད་རྩོན་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་༎

གསར་འགོད་པ་ཨོ་རྒྱན་བསྟན་འཛིན།

མཆན། (0)
Share
དྲ་གནས་ཆ་ཚང༌།