གསར་འགྱུར་ཡིག་ཚགས།
2012-12-13
ཨ་མི་རི་ཀིའི་གྲོས་ཆོགས་ཀྱིས་འཐུས་མི་བགྲེས་པ་གཉིས་ཀྱིས་ཨ་རིའི་སྲིད་འཛིན་ལ་བོད་ཀྱི་རྩ་དོན་ཐད་རྒྱབ་སྐྱོར་གནང་དགོས་པའི་སྙན་ཞུ་ཞིག་ཕུལ་རྒྱུའི་ལས་འགུལ་སྣེ་ཁྲིད་གནང་གི་ཡོད་འདུག
2012-12-13
ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ཡུ་རོབ་ཀྱི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་སུད་སིའི་ གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་དང་ལྷན་དུ་མཇལ་འཕྲད་གནང་འདུག
2012-12-13
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མདོ་ལུགས་ཀྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པའི་གནས་ཚུལ།
2012-12-12
༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན། བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པ་དེ། ཕྱི་ཟླ་༡༢ཚེས་༡༠ཉིན་མཇུག་བསྒྲིལ་གནང་ཡོད་པ་རེད།
2012-12-12
འཛམ་བུ་གླིང་གི་ནང་མཛད་རྗེས་ཅན་གྱི་མི་སྣ་དང་། ཚོགས་པ་སྐྱིད་སྡུག་སོགས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་སྣ་ཚོགས་གནང་སྲོལ་ཡོད་པའི་ནང་ནས་སྙན་གྲགས་ཆེ་ཤོས་གཅིག་དེ་ནོ་སྦེལ་གཟེངས་རྟགས་དེ་ཡིན་པ་རེད།
2012-12-12
༧གོང་ས་མཆོག་གིས་དུས་ཀྱི་འགྱུར་འགྲོས་འོག་རྒྱ་ནག་ལ་འགྱུར་བ་འགྲོ་རྒྱུ་ངེས་ཅན་ཡིན་པ་དང་། ཁྲིམས་ཀྱི་དབང་བསྒྱུར་གཅིག་གི་འོག་འགྲོ་ཐུབ་ན་བོད་ཀྱི་དཀའ་རྙོག་ཡང་སེལ་ཐུབ་རྒྱུ་ཡིན་སྐོར་བཀའ་གནང་འདུག
2012-12-12
བོད་མདོ་སྨད་མཚོ་ལྷོ་ཁུལ་གྱི་ཆབ་ཆ་རྫོང་ཁོངས་ཆབ་ཆ་གསོ་རིག་སློབ་གླིང་གི་བོད་ཡིག་སྡེ་ཁག་གི་སློབ་མ་བརྒྱད་ལ་ངོ་ལོ་༥་རེ་ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག
2012-12-12
ཐེ་ཝན་ནང་གནས་སྡོད་བོད་མི་བཅུས་ཆུ་ཚོད་༤༩་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་བོད་ནང་གི་བོད་མི་རང་ལུས་མེར་བསྲེག་གཏོང་མཁན་ཚོར་གདུང་སེམས་མཉམ་བསྐྱེད་བྱས་འདུག
2012-12-12
རེབ་གོང་དུ་དགའ་ལྡན་ལྔ་མཆོད་སྐབས་རྒྱུན་གཏན་སྨོན་ལམ་སྤྱི་དང་། བོད་དོན་རང་སྲེག་གནང་མཁན་ཚོར་བསྔོ་སྨོན་མཛད་འདུག
2012-12-11
ཕྱི་ཟླ་༡༢ཚེས་༡༠ཉིན་མོ་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་། ༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་ཉིན་མོ་ཞིག་ཡིན་པ་ལྟར། ཉིན་དེང་༧གོང་ས་མཆོག་དབུ་བཞུགས་ཀྱི་ཐོག རྒྱ་གར་ལྷོ་ཕྱོགས་སུ་མཛད་སྒོ་ཟབ་རྒྱས་ངང་སྐོང་ཚོགས་གནང་ཡོད།
2012-12-11
བོད་ནག་ཆུར་རང་ལུས་མེར་བསྲེཊ་རྩིས་བྱེད་མཁན་བོད་མི་ལྔ་ཆུ་ལ་མཆོངས་བ་དང་། གཉིས་ཉེན་རྟོག་པས་འཛིན་བཟུང་བྱས་མིན་ལ་མ་བལྟོས་བར་བོད་དོན་དང་འབྲེལ་བའི་ཡིག་ཆ་མང་པོ་འགྲེམས་སྦྱར་བྱས་འདུག
2012-12-11
མདོ་སྨད་རྩེ་ཁོག་ནས་ཡིན་པའི་བོད་མི་གཉིས་ཉེ་ཆར་གར་སོང་ཆ་མེད་དུ་གྱུར་བ་ཁོང་ཚོའི་ནང་མི་ཉེ་འབྲེལ་ཚོས་རྩད་གཅོད་བྱས་རྗེས། ད་ལྟ་རྫོང་ཐོག་ན་བཙོན་འཇུག་འོག་ཡོད་པ་ཤེས་རྟོགས་བྱུང་འདུག
2012-12-11
ཨ་རིའི་གྲོས་ཚོཊ་ཀྱི་འཐུས་མི་ཁག་ཅིག་གིས་བོད་ནང་ཛ་དྲག་ཆགས་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གནད་དོན་སེལ་རྒྱུར་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ཐུགས་འགན་གཙོ་བཞེས་དགོས་པའི་འབོད་སྐུལ་ཞུས་འདུག
2012-12-11
༢༠༡༢ལོར་ད་བར་འཛམ་གླིང་ཁྱོན་ཡོངས་སུ་གསར་འགོད་པ་༢༣༢འཇུ་བཟུང་བཙོན་འཇུག་བྱས་ཡོད་པའི་ཁོངས་སུ་རྒྱ་ནག་གཞུང་གིས་གསར་འགོད་པ་༣༢བཙོན་འཇུག་བྱས་ཡོད་པ་རེད་འདུག
2012-12-11
རྒྱ་གར་གྲོས་ཚོགས་འོག་མའི་ནང་རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་སོགས་བོད་དོན་གླེང་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཡོད་པ་རེད་འདུག