གསར་འགྱུར་ཡིག་ཚགས།
2012-08-10
བོད་ཀྱི་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། བློ་བཟང་སེང་གེ་མཆོག་གིས་བཀའ་ཁྲིའི་ལས་ཁུར་བཞེས་ཏེ་ལོ་གཅིག་འཁོར་བ། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཨུ་རུ་སུའི་ནང་འབྱོར་བ་བཅས་སྲུང་བརྩི་ཞུས་འདུག
2012-08-10
འདི་རིང་ཚེས་༡༠ ཉིན་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མའི་ཤང་གི་ཐོག་དགུང་ལོ་༢༤ ཡིན་པ་གཅོད་པ་ཞུ་བས། རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བཏང་འདུག
2012-08-10
དྭང་བླང་དཔྱ་དངུལ་འབུལ་དགོས་པའི་རྒྱུ་མཚན་གཙོ་བོ་དེ། བོད་མིའི་སྒྲིག་འཛུགས་ལ་ངོས་ལེན་ཡོད་པའི་མཚོན་རྟགས་དང་། གཉིས་པ་དེ། དྭང་དུ་བླངས་ནས་སོ་སོའི་གཞུང་ལ་མཐུན་འགྱུར་ཞུས་པ་ལྟ་བུ་རེད་ཅེས་འབྲེལ་ཡོད་ལས་བྱེད་ལྷག་པ་ལགས་ཀྱིས་གསུངས་སོང་།
2012-08-10
འདི་རིང་ཚེས་༡༠ ཉིན་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཞང་གཅོད་པ་ཞེས་པས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་བར་བརྟེན། རྒྱ་གཞུང་གི་ཉེན་རྟོག་པས་མེ་བསད་དེ་ཁོང་བཙན་ཁྱེར་བྱས་ཡོད་པ་རེད།
2012-08-09
ཀིརྟི་དགོན་པའི་གྲྭ་བློ་བཟང་ཚུལ་ཁྲིམས་རང་ལུས་མེར་བསྲེགས་རྗེས་འདས་གྲོངས་སུ་གྱུར་འདུག
2012-08-09
བླ་བྲང་དགོན་པའི་དགེ་འདུན་པ་རྣམས་སྒྲོལ་དཀར་འཚོའི་ཆེད་སྨོན་ལམ་གསུང་བར་འགྲོ་རྒྱུར་བཀག་འགོག་བྱས་འདུག
2012-08-09
ཟླ་བ་འདིའི་ཚེས་ ༨ སྔ་དྲོ་སྦིར་ཁུལ་གྱི་བདེན་པའི་མེ་ལྕེའི་སྐོར་སྐྱོད་དེ་སྦིར་བོད་ཚོགས་དང༌། སྦིར་བདེ་དགེ ཅོན་ཏ་ར་བཅས་ས་གནས་གསུམ་དུ་སྐོར་སྐྱོད་གྲུབ་སྟེ། མན་ཌིར་འབྱོར་འདུག
2012-08-09
ཁ་སང་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བདུན་ཕྲག་འདིའི་ནང་བོད་དུ་སྐུ་ལུས་མེར་སྲེག་བཏང་གནང་མཁན་བོད་མི་གཉིས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞིག་གནང་འདུག
2012-08-09
སེར་སྐྱ་ཕོ་མོ་ཚང་མས་སྤྱིར་སློབ་སྦྱོང་བྱེད་རོཌ་ཟེར་རྒྱུ་དང་། བཀའ་འགྱུར་བསྟན་འགྱུར་དེ་དག་སློབ་དེབ་ཡིན་པར་བརྟེན། ཁྱེད་རང་ཚོས་ལྟ་རོཌ། ལྷག་པར་རབ་བྱུང་ཚོས་ངེས་པར་ལྟ་དགོས་ཞེས་བཀའ་གནང་།
2012-08-09
ཨུ་རུ་སུའི་བུ་རི་ཡཏ་དང་ཏུ་ཝ་མངའ་ཁུལ་ནང་ཉིན་གྲངས་བཅུ་གཅིག་རིང་གསུང་ཆོས་དང་འབྲེལ་ བོད་དོན་ཆེད་སྨོན་ལམ་གསུང་འདོན་གནང་ཡོད་པའི་གནས་ཚུལ་ཐོན་འདུག
2012-08-09
བོད་ཀྱི་ཨ་མདོ་ཁུལ་སྒྲོལ་དཀར་འཚོས་རང་ལུས་མེར་སྲེག་བཏང་བའི་རྗེས་སུ་རྒྱ་ནག་གཞུང་ནས་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བའི་རྐྱེན་གྱིས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་རྒྱུའི་ཉེན་བརྡ་བཏང་འདུག
2012-08-09
ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོའི་དབར་གཞི་རྒྱ་ཆེ་བའི་ཚོང་འབྲེལ་གྱི་གྲོས་མཐུན་བཞག་འདུག འོན་ཀྱང་གྲོས་མཐུན་དེར་ཐེ་ཝན་གྱི་མི་མང་བརྒྱ་ཕྲག་མང་པོས་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་འདུག
2012-08-09
བོད་ནང་གི་ཛ་དྲག་གནས་སྟངས་གདོང་ལེན་བྱེད་ཕྱོགས་ཇི་འགབ་གྲོས་གཞི་གཙོ་བོར་བཟུང་ནས་ཕྱི་ཟླ་༩ ནང་དམིགས་བསལ་ཚོགས་ཆེན་སྐོང་ཚོགས་གནང་རྒྱུ་དང༌། དེ་བཞིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་ཞིག་ཀྱང་སྐོང་ཚོགས་གནང་རྒྱུ།
2012-08-09
བཀའ་བློན་ཁྲི་པ་མཆོག་གིས་མཛད་འཁུར་དམ་འབུལ་ཞུས་ནས་ལོ་གཅིག་འཁོར་བ་དང་བསྟུན། བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ཚོའི་ཆེད་དུ་དམིགས་བསལ་མཆོད་འབུལ་རྒྱས་པ་དང། བཀའ་ཁྲིའི་ལས་དོན་ཚགས་ཚུད་ཡོང་བའི་སྨོན་འདུན་གནང་འདུག
2012-08-09
ཕྱི་ཟླ་ ༡༢ པའི་ནང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཚོགས་བསྐོང་བྱས་ཏེ་འབྱུང་འགྱུར་རྒྱ་ནག་གི་གནས་སྟངས་སྤྱི་དང༌། འགོ་འཁྲིད་འཕོ་འགྱུར་ལ་གཞིགས་ནས་དོན་ཕན་ལྡན་པའི་ཞི་མོལ་ཡོང་ཐབས་བཅས་ཀྱི་སྐོར་བསམ་ཞིབ་གོ་བསྡུར་ཞུ་རྒྱུ་ཡིན་གསུངས།