གསར་འགྱུར་ཡིག་ཚགས།
2022-06-21
བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་རྒྱ་གར་ཨ་སམ་མངའ་སྡེའི་བློན་ཆེན། སྐུ་ཞབས་Dr.Himanta B Sarmaམཆོག་གི་མཚན་ཐོག་ཏུ་ཕྱག་བྲིས་ཤིག་ཕུལ་ཡོད་པ།
2022-06-20
༸དཔལ་ཀརྨའི་ཤྲཱི་ནཱ་ལེནྜ་ཆེ་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་མང་པོ་ཞིག་ལ་སློབ་སྦྱོང་གནང་རྒྱུའི་གོ་སྐབས་སྐྲུན་བཞིན་ཡོད་པ།
2022-06-20
ཕྱི་ཚེས་༢༤ ཉིན་བརྟན་བཞུགས་དངོས་གཞི་རྒྱ་གར་གྱི་སྔ་དྲོའི་ཕྱག་ཚོད་བརྒྱད་པ་ནས་དགུ་པ་བར་ཡིན་པ་དང་ལས་རིམ་ཡོངས་རྫོགས་ཐད་སྲིང་གནང་རྒྱུ་རེད་འདུག
2022-06-20
བྷེཆེལེཊ་གྱི་རྒྱ་ནག་ནང་ཕྱོགས་ཕེབས་འདིའི་སྐབས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ནུས་ལྡན་བྱེད་མ་ཐུབ་པ་འདིས་བོད་མི་དང་ཡུ་གུར་བ་ཚོར་ཁྱད་པར་ཇི་བཟོས།
2022-06-20
ཐེ་ཝན་ནང་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་སྐབས་ཐེ་ཝན་གཞུང་གི་དཔོན་རིགས་དང་ཕྱི་རྒྱལ་གཞུང་ཚབ་ཁག་གི་སྐུ་ཚབ་སོགས་དམིགས་བསལ་ཆེད་ཕེབས་གནང་ཡོད་པ།
2022-06-20
གུ་རུ་ཀུལ་ལས་རིམ་འདི་ནི་ད་ལྟ་ཐེངས་མ་༢༦པ་དེ་ཆགས་ཀྱི་ཡོད་པ་དང་། ཟླ་བ་གཅིག་རིང་གི་ལས་རིམ་དེར་རྒྱ་གར་སློབ་ཕྲུག་ཚོ་བོད་མིའི་སྒྲིག་འཛུགས་དང་དཔེ་མཛོད་ཁང་། ནོར་བུ་གླིང་ག་སོགས་ལ་ཁྲིད་གནང་ཡོད་པ་རེད།
2022-06-19
སྲིད་སྐྱོང་མཆོག་གིས་ཁུལ་དེའི་བོད་པའི་གཞོན་སྐྱེས་དང་ན་གཞོན་ཆེད་ལས་པ་ཚོའི་མཉམ་དུ་གླེང་མོལ་དང་བཀའ་སློབ་གནང་སྐབས། རྒྱ་ནག་གིས་བོད་ཐོག་དབང་བསྒྱུར་བྱེད་བཞིན་པ་དེ་རྒྱ་གཞུང་གིས་རྒྱལ་སྤྱིའི་ཐོག་ཁྲིམས་མཐུན་བཟོ་ཐབས་ཀྱི་འབད་བརྩོན་བྱེད་བཞིན་ཡོད་པ།
2022-06-19
བོད་མི་ན་གཞོན་ཤེས་ཡོན་པ་བློ་གྲོས་ལགས་ཀྱིས་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་ནང་གི་དངོས་ཡོད་གནས་ཚུལ་དང་འབྲེལ་བའི་རྩོམ་ཡིག་བྲིས་རྐྱེན། སྔར་ལོའི་ཕྱི་ཟླ་༡༠པའི་ཟླ་མཇུག་ཙམ་ནང་འཛིན་བཟུང་གིས། འདི་ལོའི་ཕྱི་ཟླ༦པའི་ཚེས་༡༣དང་༡༤ཉིན་གང་རུང་ཞིག་ལ་ཁོང་ལ་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་ཟིང་འཁྲུག་ཟེར་བའི་ཉེས་མིང་འོག་ལོ་བཞི་དང་ཟླ་བ་ལྔའི་བཙོན་མཇུག་ཁྲིམས་ཐག་བཅད་ཡོད་པ།
2022-06-19
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་དང་བཤད་སྒྲུབ་བསྟན་པ་གོང་འཕེལ་ལྷན་ཚོགས་ཀྱི་གྲོས་ཆོད་བཞག་པ་གཞིར་བཟུང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་རིས་མེད་ཆོས་རྒྱུད་ཁག་གི་མཁན་པོ་དགེ་བཤེས་དང་སློབ་དཔོན་སོགས་ལྷན་བཞུགས་ཀྱིས་འདུལ་བ་ཕུད་པའིགཞུང་ཆེན་ཀ་པོད་ལྔའི་ཐོག་བགྲོ་གླེང་གོ་སྒྲིག་ཞུས་ཡོད་པ།
2022-06-18
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་། ས་རཱ་བོད་ཀྱི་མཐོ་སློབ་གཉིས་ཟུང་འབྲེལ་གྱིས་དབྱར་དུས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད་པ།
2022-06-18
དུས་རབས་འདིའི་དཀྱིལ་ཙམ་ནས་འཛམ་གླིང་གི་མི་འབོར་ཇེ་ཉུང་དུ་འགྲོ་རྒྱུ་དང་བྱིས་པ་སྐྱེ་ཚད་ཇེ་དམའ་རུ་ཕྱིན་ཏེ་ལས་མི་ཉུང་དྲག་པའི་དཀའ་ངལ་འཕྲད་སྲིད་པའི་ཉེན་བརྡ་བཏང་ཡོད་པ།
2022-06-18
རྒྱ་ནག་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོབ་གནང་མཁན་ཁྲིམས་རྩོད་པ་ཞུས་ཀྲི་ཡུངXu་Zhiyongགཙོས་པའི་དམངས་གཙོ་དོན་གཉེར་བ་མི་སྣ་ཁག་ཅིག་ལ་མ་ཉེས་ཁ་གཡོག་གིས་ཁྲིམས་ཐོག་ཉེས་འཛུགས་བྱས་ཡོད་པ་ཁོང་གི་ཁྲིམས་རྩོད་པས་གསུངས་འདུག
2022-06-18
ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་བོད་ཀྱི་རི་མོ་སྒྱུ་རྩལ་བ་རབ་དཀར་དབང་ཕྱུག་ལགས་ཀྱིས་བྲིས་པའི་རི་མོ་ཁག་ཅིག་འགྲེམས་སྟོན་བྱེད་བཞིན་པའི་སྐོར་གྱི་གནས་ཚུལ།
2022-06-18
༧སྐྱབས་རྗེ་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ལ་ལ་དྭགས་དབུས་གཞུང་མངའ་སྡེའི་ལྗང་གྱུར་ངོ་ཚབ་ཀྱི་མཚན་གནས་ཕུལ་ནས་ཆེ་བསྟོད་ཞུས་ཡོད་པ།
2022-06-18
སྒོམ་སྒྲུབ་དང་སེམས་ཁམས་རིག་པའི་ཐོག་རྒྱལ་ཡོངས་འཕགས་བོད་མཁས་པའི་བགྲོ་གླེང་ཐེངས་གཉིས་པ་འདི་བཞིན་རྒྱ་གར་ལྷོ་ཕྱོགས་གདན་ས་དགའ་ལྡན་དུ་འཚོགས་བཞིན་ཡོད་པ།