གསར་འགྱུར་ཡིག་ཚགས།
2022-06-16
རྒྱ་ནག་གཞུང་གི་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་དབང་གནོན་གྱི་འཇིགས་པ་ཇེ་ཆེར་འགྲོ་བཞིན་པ།
2022-06-16
ད་རེས་དམིགས་བསལ་བཞུགས་སྒར་རྡ་རམ་ས་ལར་རྒྱ་གར་རྒྱལ་ཡོངས་མངའ་སྡེ་ཁག་གི་སྤྱི་ཁབ་དྲུང་ཆེ་རྣམ་པ་ལྷན་འཛོམས་ཐོག་ཚོགས་འདུ་གལ་ཆེ་ཞིག་ཚོགས་ཀྱི་ཡོད་པར་བརྟེན། དེའི་ཆེད་དུ་གཙོ་བོ་དམིགས་ཏེ་སྲིད་བློན་མོ་དྷི་མཆོག་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཡོད་པ་དང་། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་སྲིད་བློན་མཆོག་རྡ་རམ་ས་ལར་ཕེབས་པ་དང་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དམིགས་བསལ་མཇལ་འཕྲད་ཀྱི་མཛད་འཆར་རིགས་མེད་ཀྱང་། རིང་མིན་༸གོང་ས་མཆོག་ལྡི་ལིར་ཆིབས་བསྒྱུར་སྐབས་སྲིད་བློན་མཆོག་དང་མཇལ་འཕྲད་གནང་འཆར་ཡོད་འདུག
2022-06-16
ཉེ་བའི་ཟླ་དྲུག་ཙམ་གྱི་སྔོན་ལ་སི་ཁྲོན་ཞིང་ཆེན་ཉེན་རྟོག་པས་རྫ་སེལ་ཤུལ་རྫོང་འབུམ་རྙིང་སྡེ་བ་ནས་ཡིན་པའི་བོད་མི་ན་གཞོན་ཤེས་ཡོན་པ་བློ་གྲོས་ལགས། གློ་བུར་རྒྱུ་མཚན་སོགས་གསལ་ཁ་གང་ཡང་མེད་པར་འཛིན་བཟུང་གིས་རྒྱ་ནག་གི་ཁྲིན་ཏུའུ་གྲོང་ཁྱེར་དུ་བཙན་ཁྲིད་བྱས་ཡོད་པ། ད་ལྟའི་ཆར་ནང་མི་ཚོས་འབྲེལ་ཡོད་རེ་བརྒྱུད་ནས་ཁོང་ལ་བཙོན་མཇུག་ཁྲིམས་ཐག་གཅོད་གྲབས་ཡོད་པ་གོ་ཐོས་ཙམ་ལས། གཞན་ཁོང་བཙོན་ཁང་དུ་ཡོད་དང་བཀག་སྐྱིལ་ཁང་དུ་ཡོད་སོགས་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་ལྷག་ཡོད་སྐོར། བོད་ནང་དང་བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།
2022-06-16
བོད་ཀྱི་ཟློས་གར་ཚོགས་པའི་བྲོ་བ་ནང་ཁུལ་གྱི་རྔོན་པ་དང་རྒྱ་ལི་རུ་ཁག་གཉིས་ཀས། བོད་ཀྱི་དབུས་གཙང་དང་མདོ་སྟོད་སྨད་ནས་སྟོང་ལ་ཉེ་བའི་སྲོལ་རྒྱུན་གླུ་བྲོ་དང་། གཏམ་བརྗོད་སོགས་འཁྲབ་སྟོན་འགྲན་བསྡུར་རིམ་པར་བྱས་པ་བརྒྱུད། འདི་ལོའི་འགྲན་བསྡུར་གྱི་རྒྱལ་ཁ་རྔོན་པ་རུ་ཁག་ལ་ཐོབ་པ་ཡོངས་བསྒྲགས་གནང་སོང་།
2022-06-15
རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་ཀྱི་སྔོན་འགོག་སྨན་ཁབ་རྒྱབ་ནས་རྒྱ་ནག་ནང་མི་གྲངས་མང་པོས་ཁྲག་གི་འབྲས་ནད་སོགས་ཕོག་པའི་གནས་ཚུལ།
2022-06-15
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་འཕེལ་དང།འཛིན་སྐྱོང་སྲ་བརྟན་གྱི་ལས་འཆར་དབུ་འབྱེད་གནང་འདུག
2022-06-15
མཚོ་སྔོན་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་སྐབས་མི་གྲངས་བཅུ་ལ་བོད་སྨན་ཁོ་ནའི་སྨན་བཅོས་བྱས་ཏེ་དྲག་སྐྱེད་ཕྱིན་ཡོད་པའི་གནས་ཚུལ་ངོ་སྤྲོད་གནང་བ།
2022-06-15
ཨ་རི་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་ཕ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོག་ཐང་ལྷན་ཁང་གི་སྤྱི་ཁྱབ་ལ་སྐྱོན་བརྗོད་བྱེད་བཞིན་པ།
2022-06-15
འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ལ་ལ་དྭགས་དབུས་གཞུང་མངའ་སྡེའི་ལྗང་སྒྱུར་ངོ་ཚབ་ཀྱི་མཚན་གནས་ཕུལ་ཡོད་པ།
2022-06-15
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཇོ་ནང་རིས་མེད་དུས་འཁོར་བགྲོ་གླེང་ཆེན་མོར་སྩལ་བའི་གསུང་འཕྲིན་གྱི་ནང་དཔལ་ཇོ་ནང་པའི་དུས་འཁོར་སྦྱོར་དྲུག་གི་ཉམས་ལེན་བཟང་པོ་དེ་དག་མི་ཉམས་རྒྱུན་འཛིན་ཚུལ་བཞིན་བྱེད་དགོས་པ་བཀའ་གནང་འདུག
2022-06-15
རྒྱ་ནག་གི་བཟང་སྤྱོད་དང་མི་མཐུན་པའི་རྒྱལ་སྤྱིའི་ཚོང་གཉེར་བྱེད་བཞིན་པ་ནས་ནུབ་ཕྱོགས་ཡུལ་གྲུའི་དཔལ་འབྱོར་སྲུང་སྐྱོབ་བྱ་ཕྱོགས་སྐོར་བགྲོ་གླེང་།
2022-06-15
ཨ་རིའི་སེ་ཊལ་ནས་སྤྲུལ་སྐུ་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀ་ལགས་ཀྱིས་བོད་ནང་གི་རང་བྱུང་ཁམས་མཚོན་ཆེད་དུ་དེང་དུས་ཀྱི་རི་མོ་མང་དག་ཅིག་བྲིས་ཡོད་པ་རེད།
2022-06-15
འགོ་ཁྲིད་ནུས་པ་སྐྱེད་སྲིང་ཆེད་མཁོ་བའི་སྒྱུ་རྩལ་གོང་འཕེལ་གཏོང་ཕྱོགས་སྐོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལྷན་ཁང་གི་མདུན་ལམ་སློབ་སྟོན་སྤྱི་ཁྱབ་པས་གསུངས་བ།
2022-06-15
ལ་དྭགས་རྒྱལ་པོ་བདེ་ལེགས་རྣམ་རྒྱལ་གཉིས་ལ་དྭགས་དང་བོད་ཀྱི་ས་མཚམས་དབྱེ་འབྱེད་དང་ཡང་དོན་རྩ་ཁ་ཤས་ཀྱི་ཐོག་བཞག་པའི་ཆིངས་ཡིག་ལ་གཏིང་མོ་སྒང་གི་ཆིངས་ཡིག་ཅེས་ཞུས་སྲོལ་ཡོད་པ་ཞིག་རེད་འདུག
2022-06-14
འབར་ཁམས་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་ཉེ་འཁོར་བོད་མི་ཚོ་རོགས་སྐྱོར་བྱེད་པར་ཡོང་རྒྱུ་རྒྱ་ནག་གི་རོགས་སྐྱོར་ཚན་པས་བཀག་འགོག་བྱེད་བཞིན་ཡོད་འདུག