གསར་འགྱུར་ཡིག་ཚགས།
2023-12-26
ཉེ་བའི་ཆར་བལ་ཡུལ་གྱིས་སིང་གྷ་པུར་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་ TikTok སྤྱི་ཚོགས་དྲ་རྒྱ་བཀག་འགོག་བྱས་པར་རྒྱ་ནག་གིས་བལ་ཡུལ་ལ་སྐྱོན་བརྗོད་བྱས་ཡོད་པ་ཁ་ས་ཕྱི་ཚེས་༢༥ཉིན་གསར་འགྱུར་བརྒྱུད་ལམ Kathmandupost.com ཞེས་པའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
2023-12-26
བོད་པས་བོད་པར་རོགས་སྐྱོར་གྱི་ལས་གཞི་དང་། ཡོ་རོབ་ཀྱི་ཡུལ་ལུང་ནང་བོད་ཀྱི་ཆོས་དང་རིག་གཞུང་ཁྱབ་གདལ་འགྲོ་ཚུལ་སྐོར་ཆོས་གྲུབ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་བ།
2023-12-26
རྒྱ་གར་བྱང་ཤར་གྱི་གྲོང་ཁྱེར་གྷོ་ཧ་ཀྲི་དང་། ཤི་ལོང་། ཀོ་ཧི་མ། རྡི་མ་པུར་སོགས་སུ་ཚོང་ལས་གཉེར་མཁན་ཁ་ཐོར་བོད་མི་རྣམས་ཀྱི་གནས་སྟངས་སྐོར།
2023-12-26
ཐའེ་ཝན་གྱི་འོས་བསྡུ་ཆེན་མོ་དེས་ཐའེ་ཝན་དང་རྒྱ་ནག་གི་འབྲེལ་བར་ཤུགས་རྐྱེན་ཇི་ཡོད་དང་དེ་བཞིན་བོད་མིར་ཤུགས་རྐྱེན་གང་འདྲ་ཡོད་མེད་སྐོར་བཀའ་འདྲི་ཞུས་པ།
2023-12-26
ཕྱི་ཚེས་ ༢༨ ཉིན་བལ་ཡུལ་རྒྱལ་ས་ནས། སྔ་དྲོའི་ཆུ་ཚོད་ ༧ དང་སྐར་མ་ ༢༥ སྟེང་གནམ་གྲུ་འཕུར་མགོ་ཚུགས་ཏེ། ཆུ་ཚོད་ ༡༡ སྟེང་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་རྒྱུ་ཡིན་འདུག
2023-12-25
ཀན་སུའུ་ནང་ས་ཡོམ་འགུལ་ཚད་༦་དང་གྲངས་ཆུང་༢་བརྒྱབ་སྟེ་བདུན་ཕྲག་གཅིག་ཕྱིན་པའི་རྗེས་སུ་རྐྱེན་ལམ་དུ་ཕྱིན་པའི་མིའི་གྲངས་འབོར་ཀན་སུའུ་དང་མཚོ་སྔོན་གཉིས་ཀ་ནས་༡༤༩་བར་འཕར་ཡོད་པ་དང་མི་གཉིས་ད་དུང་ཡང་གར་སོང་ཆ་མེད་དུ་འགྱུར་འདུག
2023-12-25
༢༠༢༣ ལོར་བོད་ནི་སླར་ཡང་འཛམ་གླིང་ནང་དུ་རང་དབང་སྐྱོ་ཤོས་ཀྱི་ཡུལ་ལུང་དུ་མིང་འདོན་བྱས་ཏེ་གནས་སྟངས་ཛ་དྲག་ཡོད་པ་བསྟུད་མར་ངོས་འཛིན་བྱེད་ཡོད་པ་རེད།
2023-12-25
བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱ་ཆེད་སློབ་ཕྲུག་དང་ཕ་མ་རྣམས་ཀྱི་འགན་འཁྲི་སྐོར་བློ་གསལ་སྐྱེད་ཚལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་སྤྱི་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་པ།
2023-12-25
སངས་རྒྱས་ཀྱི་ཆོས་ལ་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་ཉམས་ལེན་དང་ཚན་རིག་དང་མཐུན་པའི་སྒོ་ནས་འགྲེལ་བཤད་གནང་ཐུབ་པ་དགོས་ཞེས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་དང་ལྷོ་ཀོ་རི་ཡའི་ནང་པའི་ཚོགས་ཆུང་ལ་མཇལ་ཁ་གནང་སྐབས་བཀའ་སློབ་བསྩལ་ཡོད་པ།
2023-12-25
ཡོ་རོབ་གྲོས་ཚོགས་ཀྱི་ཕྱི་སྲིད་ཚོགས་ཆུང་གིས་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དང་རྒྱ་ནག་གི་འབྲེལ་ལམ་ཐད་ལ་བཏོན་པའི་སྙན་ཐོའི་ནང་བོད་དོན་རྒྱབ་སྐྱོར་གྱི་དོན་ཚན་གསུམ་གསལ་བཏོན་གནང་ཡོད།
2023-12-25
མགོན་པོ་གང་ཉིད་ཀྱི་ཕྱོགས་ནས་དངོས་ཡོད་བསྟན་པའི་ཞབས་འདེགས་ཡིན་དགོངས་ཏེ་གཞན་དང་མི་འདྲ་བའི་ཐུགས་ཚོར་འབྱུང་གི་ཡོད་པའི་བཀའ་སློབ་བསྩལ་བ།
2023-12-23
བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་ཏེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་ཟླ་བ་གཅིག་རིང་སྤྱི་ཚོགས་དང་བླངས་ཞབས་ཞུ་སྒྲུབ་བཞིན་པ།
2023-12-23
རྒྱ་ནག་གཞུང་གི་དབང་འཛིན་འོག་ད་བར་བོད་ནང་གི་ཁོར་ཡུག་གི་གནས་སྟངས་ཐོག་ལ་ཛ་དྲག་ཆེ་བའི་འགྱུར་ལྡོག་ག་འདྲ་ཕྱིན་ཡོད་པའི་སྐོར།
2023-12-23
རྒྱལ་གཅེས་སློབ་གསོ་ཞེས་པའི་ཁྲིམས་གཞི་དེ་མི་མང་ཚོར་གུང་བྲན་ཚོགས་པའི་ལྟ་གྲུབ་དང་། འགོ་འཁྲིད་ཚོའི་ལངས་ཕྱོགས་ལ་གུས་བརྩི་ཞུ་དགོས་པའི་བཙན་བཀའ་བཏང་བའི་བྱ་སྤྱོད་ཞིག་ཡིན།
2023-12-23
བཅོམ་ལྡན་འདས་ལ་དད་པ་བྱེད་པ་ཙམ་གྱིས་མི་ཆོག་པར་གཙོ་བོ་རྒྱལ་བའི་བཀའ་བསྟན་རྣམས་ལ་སློབ་སྦྱོང་གིས་བསམ་བློ་གཏང་ན་སེམས་འགུལ་འཐེབ་རྒྱུ་ཡིན་པ་བཀའ་བསྩལ་བ།