གསར་འགྱུར་ཡིག་ཚགས།
2023-09-30
ཕྱི་ཟླ་ ༡༠ ཚེས་ ༡ ཉིན་མོ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱས་པའི་དུས་ཚིགས་ཤིག་འཁེལ་གྱི་ཡོད་པ་ལྟར། རྒྱ་ནག་ནང་དུ་དམར་ཤོག་གི་དབང་ཆ་འཛུགས་སྟངས་ཇི་ཡིན་དང་། སྐབས་དེར་རྒྱ་ནག་གོ་མིང་ཏང་སྲིད་གཞུང་དང་དམར་ཤོག་གྱེན་ལངས་ཚོགས་པའི་དབར་ལ་འཐབ་རྩོད་ཇི་བྱུང་། དམར་ཤོག་གི་ཤུགས་རྐྱེན་བོད་ནང་སླེབས་ཏེ་བོད་བཙན་བཟུང་ཇི་ལྟར་བྱེད་ཡོད་མེད་བཅས་ཀྱི་སྐོར།
2023-09-30
དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་རྒྱ་ནག་གཞུང་གིས་བཙུགས་པའི་བོད་ནང་གི་བཅའ་སྡོད་སློབ་གྲྭ་ཁག་དང་ད་ལྟའི་བོད་ནང་གི་བཅའ་སྡོད་སློབ་གྲྭ་ཁག་གི་གནས་སྟངས་བར་ཁྱད་པར་ཅི་ཡོད་སོགས་ཀྱི་སྐོར།
2023-09-30
ས་མཐོ་ཚེ་རིང་དབང་མོ་ལགས་སུ་ཕྱི་ལོ་༢༠༢༢ལོའི་ཨ་རི་རྒྱལ་ཡོངས་སྒྱུ་རྩལ་ཐེབས་རྩ་ཁང་གི་རྒྱལ་ཡོངས་རིག་གཞུང་གཅེས་སྐྱོང་གི་གཟེངས་རྟགས་ཐོབ་པ་དེ་ཆེ་བསྟོད་ཞུ་པ།
2023-09-30
རྒྱ་ནག་གཞུང་གི་རྒྱབ་གཉེར་ཡོད་པའི་ཉེན་སྐུལ་བཙན་རྒོལ་བ་ཚོས་བོད་དང་ཡུ་གུར། ཐེ་ཝན་སོགས་ཀྱི་མི་རིགས་དང་ཚོགས་པ་ཚོའི་ཁ་པར་མཉེན་ཆས་དམིགས་འབེན་དུ་བཟུང་ནས་རྣོ་ཚོར་ཅན་གྱི་གནས་ཚུལ་བསྡུ་ལེན་དང་ནད་དུག་བཏང་བཞིན་ཡིན་པ་ཨ་རིའི་དྲ་གནས་བདེ་འཇགས་ཐད་ཀྱི་ཉམས་ཞིབ་ལས་ཁང་Volexityཞེས་པའི་གནས་ཚུལ་སྤེལ་བ་སོགས་ཀྱི་སྐོར།
2023-09-30
དགེ་འདུན་པས་དབུ་ཁྲིད་པའི་རྒྱ་ནག་དམར་ཤོག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྐོར།
2023-09-30
ཡུན་རིང་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་དང་༸གོང་ས་མཆོག་ལ་ཐུགས་འདྲེས་ཆེན་པོ་ཡོད་པ། ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་ལྕམ་Dianne་Feinsteinལགས་དགོངས་པ་རྫོགས་པར། ཁོང་གི་ནང་མི་ཚོར་༸གོང་ས་མཆོག་གིས་ཐུགས་གསོའི་བཀའ་ཡིག་སྩལ་ཡོད་པ།
2023-09-29
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆེ་ཁག་བཞི་དང་བྱང་ཨ་རིའི་ནང་གཞུང་དོན་ཕྱོགས་ཕེབས་ཆེད་རྡ་རམ་ས་ལ་ནས་ཕེབས་ཐོན་གནང་འདུག
2023-09-29
ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ནང་ཐའེ་ཝན་ནས་བོད་མཐོང་བའི་རོལ་དབྱངས་འདུ་འཛོམས་ཞེས་པ་ཞིག་གཉེར་ཡོད་པ་དེའི་ཐོག་བཙན་བྱོལ་ནང་གི་སྒྱུ་རྩལ་པ་བཀྲས་ཆུང་ལགས་ཀྱིས་གཙོས་པའི་སྒྱུ་རྩལ་པ་ཁག་ཅིག་མཉམ་ཞུགས་གནང་སྟེ་བོད་ཀྱི་སྲོལ་རྒྱུན་གཞས་སྣ་ཁག་ཅིག་འཁྲབ་སྟོན་གནང་པར་ཐའེ་ཝན་ནང་དགའ་བསུ་ཐོབ་ཡོད་འདུག
2023-09-29
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ལམ་སྲོལ་ཐད་རྒྱ་ནག་གིས་ཐེ་བྱུས་བྱེད་རྒྱུ་མཚམས་འཇོག་དགོས་ཞེས་ཡོ་རོབ་ནང་པའི་མཐུན་ཚོས་ནས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ།
2023-09-29
རྒྱ་ནག་གིས་གྲངས་ཉུང་མི་རིགས་ཚོའི་ཤེས་ལྡན་མི་སྣ་འབུར་འཇོམས་དང་འཛིན་བཟུང་བཙོན་འཇུག་གི་གནས་ཚུལ་མུ་མཐུད་ནས་འབྱུང་བཞིན་ཡོད་པ་གནད་དོན་དབྱེ་ཞིབ་པས་གསུངས་བ།
2023-09-29
བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་ཤེས་ཡོན་སློབ་གསོའི་ཐད་ལག་རྗེས་ཆེན་པོ་འཇོག་མྱོང་མཁན་རྒྱལ་ཚང་སྙིང་བོ་རྒྱལ་ལགས་དགུང་གྲངས་༩༣སྟེང་ལན་གྲུ་ནས་སྐུ་གྲོངས་ཡོད་པ།
2023-09-29
ད་རེས་གྲོས་ཚོགས་ཚོགས་དུས་དྲུག་པ་འཕར་འགྱངས་བྱེད་དགོས་བྱུང་བའི་གནས་སྟངས་མ་འདྲ་བའི་སྐབས་སྤྱི་འཐུས་རྣམ་པར་འགྲོ་གྲོན་གཏོང་སྟངས་སྒྲིག་གཞི་ཁ་གསལ་མེད་པ་རེད་འདུག
2023-09-29
རྒྱ་བལ་གཉིས་ཀྱིས་ཟུང་སྦྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་བོད་དང་བོད་པའི་རྩ་དོན་ནི་རྒྱ་ནག་གི་ནང་སྲིད་གནད་དོན་རེད་ཅེས་བལ་པོའི་གཞུང་གིས་བསྐྱར་དུ་ནན་བརྗོད་བྱས་ཡོད་པ།
2023-09-29
བལ་ཡུལ་དང་བོད་ཀྱི་ས་མཚམས་དུས་ཡུན་རིང་པོ་ནས་སྒོ་རྒྱབ་པའི་རྐྱེན་གྱིས་ས་མཚམས་ཉེ་འདབ་སུ་ཆགས་པའི་ལབ་སྤྱི་གྲོང་གསེབ་ནས་ཁྱིམ་ཚང་མང་པོ་ས་ཆ་གཞན་དུ་གནས་སྤོ་བྱེད་བཞིན་ཡོད་པ།
2023-09-29
བལ་ཡུལ་སྲིད་བློན་གྱིས་རྒྱ་ནག་ཏུ་མ་ཕེབས་པའི་གོང་རྒྱ་ནག་གི་ས་ཁྲ་གསར་པའི་ནང་བལ་ཡུལ་གྱི་ས་ཆ་མང་པོ་བཅུག་པའི་སྐོར་གླེང་སློང་མ་གནང་བ་ནི་བྱབ་ཆུང་ཡིན་པ་སྲིད་དོན་དབྱེ་ཞབ་པས་གསུངས་བ།